Gesar Smoke Offering—Tibetan

Deities › Gesar | Practices › Sang Offering | བོད་ཀྱི་བླ་མ།ཀརྨ་ཆགས་མེད།

English | བོད་ཡིག

ཀརྨ་ཆགས་མེད།

Gesar Series

Further information:
Download this text:

༄༅། །འཛམ་གླིང་སེང་ཆེན་བསང་མཆོད་ཉུང་ངུར་བཞུགས།

 

ཀྱེ། སངས་རྒྱས་མི་གཟུགས་བྱོན་པའི་རྫུ་འཕྲུལ་ཅན། །

མཐུ་རྩལ་རྨད་བྱུང་ཧོར་བདུད་ཆམ་ལ་ཕོབ། །

འདྲེ་སྲིན་དམ་བཏགས་བོད་ཁམས་བདེ་ལ་བཀོད། །

དབུ་ནག་དགྲ་ལྷ་སྐྱེས་བུ་དོན་འགྲུབ་བསང་། །

བསང་མཆོད་བདག་གི་ཕོ་ལྷ་མངའ་གསོལ་ལོ། །

གཞི་ལ་ཚེ་རིང་བདེ་སྐྱིད་ཕུན་ཚོགས་མཛོད། །

བྱེས་སུ་གང་བསམ་བསྒྲུབ་ལ་རེ་བ་བསྐོང་། །

བསྟན་པ་མངའ་ཐང་ཕྱོགས་བཅུར་རྒྱས་པར་མཛོད། །

 

ཅེས་རཱ་ག་ཨཱ་སྱས་མཛད་པའོ།།

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept