Meditation on Akṣobhya—Tibetan

Deities › Akṣobhya | Practices › Sādhanas | བོད་ཀྱི་བླ་མ།མཁན་པོ་མུན་སེལ།

English | བོད་ཡིག

མཁན་པོ་མུན་སེལ།

Akṣobhya

Further information:
Download this text:

༄༅།   །མི་འཁྲུགས་པའི་བསྒོམ་བཟླས།

 

མི་འཁྲུགས་པའི་བསྒོམ་བཟླས་འདོད་པས་ཐོག་མར་སྐྱབ་སེམས་སྔོན་དུ་སོང་རྗེས།

ཧཱུྃ།   རྒྱལ་བའི་ཞིང་མཆོག་མངོན་པར་དགའ་བའི་དབུས།  །

རབ་དཀར་དྲི་མེད་པད་ཟླའི་གདན་སྟེང་དུ།  །

རང་ཉིད་རྡོ་རྗེ་མི་འཁྲུགས་སྐུ་མདོག་མཐིང་།  །

ཞལ་གཅིག་ཕྱག་གཉིས་གཡས་པས་ས་གནོན་དང་།  །

གཡོན་པས་མཉམ་བཞག་སྟེང་དུ་རྡོ་རྗེ་འཛིན།  །

ཆོས་གོས་རྣམ་གསུམ་གསོལ་ཞིང་སྐྱིལ་ཀྲུང་བཞུགས།  །

ངོ་མཚར་མཚན་དཔེའི་འོད་སྟོང་རབ་འབར་བ།  །

འཁོར་དུ་སངས་རྒྱས་བྱང་སེམས་སྤྲིན་ལྟར་གཏིབས།  །

གནས་གསུམ་ཨོཾ་ཨཱཿཧཱུྃ་གི་འོད་ཟེར་གྱིས།  །

ཡེ་ཤེས་ལྷ་ཚོགས་སྤྱན་དྲངས་གཉིས་མེད་བསྟིམས།  །

ཐུགས་དབུས་ཟླ་བའི་གདན་ལ་ཧཱུྃ་ཡིག་མཐིང་།  །

དེ་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས།  །

འོད་འཕྲོས་འཕགས་མཆོད་འགྲོ་བའི་སྒྲིབ་པ་སྦྱངས།  །

ཞིང་ཁམས་ཐམས་ཅད་མངོན་པར་དགའ་བའི་ཞིང་།  །

སྣང་བ་ཐམས་ཅད་མི་འཁྲུགས་མགོན་པོའི་སྐུ།  །

སྒྲ་གྲགས་ཐམས་ཅད་གྲགས་སྟོང་སྔགས་ཀྱི་གསུང་།  །

དྲན་རྟོགས་ཐམས་ཅད་དབྱིངས་ཡེ་དབྱེར་མེད་ཐུགས།  །

ཡེངས་མེད་འཛིན་མེད་ཁྱབ་བརྡལ་ངང་ནས་བཟླ།    །

ན་མོ་རཏྣ་ཏྲ་ཡ་ཡཱ། ཨོཾ་ཀཾ་ཀ་ནི་ཀཾ་ཀ་ནི། རོ་ཙ་ནི་རོ་ཙ་ནི། ཏྲོ་ཊ་ནི་ཏྲོ་ཊ་ནི། ཏྲཱ་ས་ནི་ཏྲཱ་ས་ནི། པྲ་ཏི་ཧ་ན་པྲ་ཏི་ཧ་ན། སརྦ་ཀརྨ་པ་རཾ་པ་ར་ཎི་མེ་སརྦ་སཏྭཱ་ནཱཉྩ་སྭཱ་ཧཱ།

མཐར་ཨརྒྷཾ་སོགས་ཀྱིས་མཆོད་ལ་བསྟོད་པ་ནི།

ཨོཾ་བཛྲ་ཨཀྵོབྷྱ་ས་པ་རི་ཝཱ་ར་ཨརྒྷཾ་་པཱདྱཾ་པུཥྤེ་དྷཱུཔེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝ་དྱ་ཤབྡ་པྲ་ཏཱིཙྪ་ཡ་སྭཱ་ཧཱ།

གང་སྐུ་དྲན་པས་ངན་འགྲོའི་སྡུག་བསྔལ་སེལ།  །

གཟུངས་སྔགས་བཟླས་པས་མཚམས་མེད་ལས་སྒྲིབ་སྦྱངས།  །

ཏིང་འཛིན་བསྒོམས་པས་ཚེ་འདིར་འོད་སྐུར་གྲོལ།  །

མི་འཁྲུགས་མགོན་པོའི་སྐུ་གསུང་ཐུགས་ལ་བསྟོད།

བསྡུ་ལྡང་ནི།

ཨཿ  གསལ་སྣང་ཀ་དག་དབྱིངས་སུ་འཇའ་ལྟར་ཡལ།  །

སླར་ཡང་དཀྱིལ་འཁོར་གསུམ་གྱི་རོལ་བར་ཤར།  །

 

ཅེས་པའང་ཉེར་མཁོའི་ཆེད་དུ་མུན་སེལ་ནས་བྲིས་སོ།  །དགེའོ།།

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept