Mahāyānasūtrālaṃkāra Quotations—Tibetan
Quotations
Five Treatises of Maitreya
Mahāyānasūtrālaṃkāra
Maitreya
འཕགས་ཡུལ་གྱི་སྐྱེས་བུ་དམ་པ།
ཐོགས་མེད།
༄༅། །མདོ་སྡེ་རྒྱན་ལས་གསུང་བཏུས།
ལ་ལ་གཅིག་ཏུ་ཉེས་པར་སྤྱོད་དེས་ཡོད། །
ལ་ལ་དཀར་པོའི་ཆོས་རྣམས་ཀུན་ཏུ་བཅོམ། །
ལ་ལ་ཐར་པ་ཆ་མཐུན་དགེ་བ་མེད། །
དཀར་པོ་དམན་པ་ཡོད་པ་རྒྱུ་དང་བྲལ། །
སྦྱིན་པ་མི་མཐུན་ཕྱོགས་ཉམས་དང་། །
རྣམ་པར་མི་རྟོག་ཡེ་ཤེས་ལྡན། །
འདོད་པ་ཐམས་ཅད་ཡོངས་རྫོགས་བྱེད། །
སེམས་ཅན་རྣམ་སྨིན་བྱེད་རྣམ་གསུམ། །
བཤེས་གཉེན་དུལ་བ་ཞི་ཞིང་ཉེར་ཞི་བ། །
ཡོན་ཏན་ལྷག་པ་བརྩོན་བཅས་ལུང་གིས་ཕྱུག །
དེ་ཉིད་རབ་ཏུ་རྟོགས་པ་སྨྲ་མཁས་ལྡན། །
བརྩེ་བའི་བདག་ཉིད་སྐྱོ་བ་སྤངས་ལ་བསྟེན། །
བརྟན་པའི་ཚངས་པ་མི་མཐུན་སྤངས། །
རྣམ་པར་མི་རྟོག་ཡེ་ཤེས་ལྡན། །
དམིགས་པ་རྣམ་པ་གསུམ་ལ་འཇུག །
སེམས་ཅན་རྣམས་ནི་ཡོངས་སྨིན་བྱེད། །