The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Gaṇapati Rāgavajra Praise—Tibetan

English | བོད་ཡིག

༄༅། །ཚོགས་བདག་ཆགས་པ་རྡོ་རྗེ་ལ་བསྟོད་པ།

རྒྱ་གར་སྐད་དུ། ཨརྱ་ག་ཎ་པ་ཏི་རཱ་ག་བཛྲ་ས་མ་ཡ་སྟོ་ཏྲ་ནཱ་མ། བོད་སྐད་དུ། འཕགས་པ་ཚོགས་ཀྱི་བདག་པོ་ཆགས་པ་རྡོ་རྗེའི་དམ་ཚིག་གི་བསྟོད་པ་ཞེས་བྱ་བ། རྗེ་བཙུན་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཕྱག་འཚལ་དཔལ་ལྡན་ཚོགས་བདག་དགྱེས། །ཕྱག་འཚལ་དཔལ་ལྡན་ཞི་བ་སྟེ། །ཕྱག་འཚལ་དཔལ་ལྡན་ཁྲོ་བོ་ཆེ། ། །ཚེ་འདི་ཉིད་ལ་དངོས་གྲུབ་ནི། །ཅི་འདོད་པར་ནི་སྩོལ་བར་མཛོད། །ལྷའི་རྒྱལ་པོའི་མངའ་ཐང་ནི། །སྒྲུབ་པ་པོ་ལ་སྩོལ་བར་མཛད། །ཤིན་ཏུ་ཐུགས་རྗེའི་བདག་ཉིད་ལ། །ཚོགས་བདག་ཆེན་པོ་ཐུགས་རྗེ་ཆེ། །ཐུགས་རྗེ་ཆེན་པོས་དབུལ་བ་སྐྱབས། །ནོར་ལྷ་ཆེན་པོ་ཁྱོད་ཉིད་ལ། །བདག་ཉིད་གུས་པས་ཕྱག་འཚལ་བསྟོད། །དཔལ་ལྡན་ཚོགས་བདག་ཆེན་པོ་ནི། །ཞལ་གསུམ་ཕྱག་དྲུག་ཞབས་བཞི་པ། །གླང་ཆེན་བྱི་ལ་སྤྲེའུའི་ཞལ། །ལ་ཕུག་རལ་གྲི་རིན་ཆེན་དང་། །ཆང་སྣོད་ལ་དུ་དགྲ་སྟ་འཛིན། །བརྐྱང་བསྐུམ་སྐྱིལ་ཀྲུང་ཡུམ་སྟེང་བཞུགས། །ཞལ་ནང་རིན་ཆེན་ཆར་པ་འབེབས། །སྒྲུབ་པ་པོ་ཡི་དབུལ་བ་སེལ། །གསུས་ཆེན་རྒྱན་རྣམས་ཀུན་གྱིས་བརྒྱན། །ཕྱག་འཚལ་དཔལ་ལྡན་ཚོགས་བདག་ལའོ། །ཆང་དང་ལ་དུ་ལ་ཕུག་དང་། །འབྲས་ཆན་ཁུར་བའི་གཏོར་མ་བཞེས། །ཚེ་དང་ལོངས་སྤྱོད་འཕེལ་བ་དང་། །ནད་དང་འབྱུང་བ་ཞི་བར་མཛོད། །མི་དང་འབྱུང་པོ་གནོད་སྦྱིན་བདུད། །ཐམས་ཅད་བྲན་དུ་འགྱུར་བར་ཤོག །ལྷ་ཡི་ལོངས་སྤྱོད་མང་པོ་ལས། །འདོད་པའི་ཡོན་ཏན་འབྱུང་བར་ཤོག །དངོས་གྲུབ་སྒྲུབ་པའི་དབང་ཕྱུག་ཅན། །འདུལ་བའི་དབང་གིས་སྐུ་སྤྲུལ་བ། །ལྷ་ཆེན་ཚོགས་བདག་ཆེན་པོ་སྟེ། །འཇིག་རྟེན་འདིར་ཡང་བསྲུང་བ་དང་། །བྱང་ཆུང་ཐོབ་པའི་གྲོགས་མཛོད་ཅིག །ཅེས་བསྟོད་ལ་གསོལ་བ་གདབ་སྟེ་བཟླས་པ་ཐོན་ནས་གཏོར་དབུལ་བར་བྱའོ། །ཚོགས་ཀྱི་བདག་པོ་ཆགས་པ་རྡོ་རྗེ་དམ་ཚིག་གི་བསྟོད་པ་པཎྜི་ཏ་དཱི་པཾ་ཀ་རཱ་ཤྲཱི་ཛྙཱ་ནས་མཛད་པ་རྫོགས་སོ། །པཎྜི་ཏ་ཆེན་པོ་དེ་ཉིད་དང་། ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་བསྒྱུར་པའོ།།

ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ།

Gaṇapati Series

Further information:

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept