Quotations from Precious Garland—Tibetan
༄༅། །རིན་ཆེན་ཕྲེང་བ་ལས་གསུང་བཏུས།
ཆགས་དང་ཞེ་སྡང་གཏི་མུག་དང༌། །
དེས་བསྐྱེད་ལས་ནི་མི་དགེ་བ། །
མ་ཆགས་ཞེ་སྡང་གཏི་མུག་མེད། །
དེས་བསྐྱེད་ལས་ནི་དགེ་བ་ཡིན། །
ཇི་སྲིད་ཕུང་པོར་འཛིན་ཡོད་པ། །
དེ་སྲིད་དེ་ལས་ངར་འཛིན་ཡོད། །
ངར་འཛིན་ཡོད་ན་ཡང་ལས་ཏེ། །
དེ་ལས་ཡང་ནི་སྐྱེ་བ་ཡིན། །
བདག་ཉིད་དང་ནི་འཇིག་རྟེན་འདིས། །
བླ་མེད་བྱང་ཆུབ་ཐོབ་འདོད་ན། །
དེ་ཡི་རྩ་བ་བྱང་ཆུབ་སེམས། །
རི་དབང་རྒྱལ་པོ་ལྟར་བརྟན་དང༌། །
ཕྱོགས་མཐས་གཏུགས་པའི་སྙིང་རྗེ་དང༌། །
གཉིས་ལ་མི་བརྟེན་ཡེ་ཤེས་ལགས། །
འཆི་བའི་རྐྱེན་ནི་མང་བ་སྟེ། །
གསོ་བའི་རྒྱུ་ནི་ཉུང་ཟད་ཅིག །
དེ་དག་ཉིད་ནི་འཆི་བའི་ཡང༌། །
དེ་བས་རྟག་ཏུ་ཆོས་མཛོད་ཅིག །
རྗེའུ་ཚོས་སུམ་བརྒྱའི་ཁ་ཟས་དག །
ཉིན་རེ་དུས་གསུམ་སྦྱིན་པས་ཀྱང་། །
བྱམས་པ་ཡུད་ཙམ་ཐང་ཅིག་གི །
བསོད་ནམས་དག་ལ་ཆར་མི་ཕོད། །