Quotations from Treasury of Abhidharma—Tibetan
༄༅། །མངོན་པ་མཛོད་ལས་གསུང་བཏུས།
ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེ། །
འཕགས་པ་མིན་ཡང་ཕ་མ་དང༌། །
ནད་པ་དང་ནི་ཆོས་སྨྲ་དང༌། །
སྐྱེ་མཐའི་བྱང་ཆུབ་སེམས་དཔའ་ལ། །
ཡོན་ནི་གཞལ་དུ་མེད་པ་ཡིན། །
ཕྲ་རྒྱས་སྤངས་པ་མ་ཡིན་དང༌། །
ཡུལ་ནི་ཉེ་བར་གནས་པ་དང༌། །
ཚུལ་བཞིན་མ་ཡིན་ཡིད་བྱེད་ལས། །
ཉོན་མོངས་རྒྱུ་ན་ཚང་བ་ཡིན། །
གང་ལ་བཅོམ་དང་བློ་ཡིས་གཞན། །
བསལ་ན་དེ་བློ་མི་འཇུག་པ། །
བུམ་ཆུ་བཞིན་དུ་ཀུན་རྫོབ་ཏུ། །
ཡོད་དེ་དོན་དམ་ཡོད་གཞན་ནོ། །
ཚུལ་གནས་ཐོས་དང་བསམ་ལྡན་པས། །
སྒོམ་པ་ལ་ནི་རབ་ཏུ་སྦྱོར། །
སྟོན་པའི་བསྟན་པ་རྣམ་གཉིས་ཏེ། །
ལུང་དང་རྟོགས་པའི་བདག་ཉིད་དོ། །
དེ་འཛིན་བྱེད་པ་སྨྲ་བ་དང༌། །
སྒྲུབ་པ་བྱེད་པ་ཁོ་ནའོ། །