བོད་བརྒྱུད་ནང་བསྟན་གསུང་རབ་སྒྲ་བསྒྱུར་ཁང་།
ISSN 2753-4812
ISSN 2753-4812

ནོར་ལྷ་ཛཾ་དཀར་གྱི་རྒྱུན་ཁྱེར་ཉུང་བསྡུས་བྱིན་རླབས་ཆར་འབེབས།

English | བོད་ཡིག

༄༅། །ནོར་ལྷ་ཛཾ་དཀར་གྱི་རྒྱུན་ཁྱེར་ཉུང་བསྡུས་བྱིན་རླབས་ཆར་འབེབས་བཞུགས་སོ།།

 

སྐྱབས་ཀུན་འདུས་པདྨ་འབྱུང་གནས་ལ་ཕྱག་འཚལ་ལོ།།

མ་དག་འགྲོ་ཀུན་དབུལ་འཕོང་ཞི་བ་དང་། །མཆོག་དང་ཐུན་མོང་དངོས་གྲུབ་ཀུན་འགྲུབ་པའི། །ཨོ་རྒྱན་མཁའ་འགྲོ་ནོར་ལྷའི་སྒྲུབ་ཐབས་བྲི། །བླ་མ་ཡི་དམ་མཁའ་འགྲོའི་གནང་བ་སྩོལ། །

ཞེས་བདེ་བའི་སྟན་ལ་དབེན་པར་གནས་ཤིང་། །ཨཱ་ལི་ཀཱ་ལི་ཡིག་བརྒྱ་དང་། རྟེན་འབྲེལ་སྙིང་པོ་ཚར་གསུམ་སྦྲེལ་བར་བཟླས། ངག་བྱིན་གྱིས་རླབས་ནས། མ་ཡེངས་པའི་ངང་ནས་འདི་ལྟར་བརྗོད།

ན་མོ།

བླ་མ་པད་འབྱུང་སྤྱན་རས་གཟིགས། །

དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །

མཁའ་མཉམ་མ་གྱུར་སེམས་ཅན་རྣམས། །

སངས་རྒྱས་ཐོབ་པར་སེམས་བསྐྱེད་དོ། །

 

རང་སེམས་མ་བཅོས་སྟོང་པའི་ངང་། །

མ་འགགས་གསལ་སྟོང་རིག་པའི་རྩལ། །

རང་ཉིད་ཨཱརྱ་ཛཾ་བྷ་ལ། །

དཀར་གསལ་ཕྱག་གཡས་བེ་ཅོན་དང་། །

གཡོན་པས་ནོར་སྐྱུག་ནེའུ་ལེ་འཛིན། །

གྲུ་མོར་ཁ་ཊྲཱྃ་རྩེ་གསུམ་བསྣམས། །

རིན་པོ་ཆེ་ཡི་རྒྱན་གྱིས་སྤྲས། །

པདྨ་ཟླ་བའི་གདན་སྟེང་དུ། །

གཡུ་འབྲུག་སྟེང་དུ་བཙན་འཁྱིལ་བཞུགས། །

འཁོར་དུ་མཁའ་འགྲོ་སྡེ་བཞིའི་བསྐོར། །

རང་རང་ཕྱག་མཚན་རྒྱན་དང་བཅས། །

སྤྱི་བོར་སྣང་མཐའ་སྤྱན་རས་གཟིགས། །

རྒྱལ་བ་ཚེ་ལྷ་རིགས་ལྔ་བཅས། །

སྣང་ལ་རང་བཞིན་མེད་པ་ཡི། །

འཇའ་འོད་གསལ་སྟོང་ཀློང་དུ་བསྐྱེད། །

ཛམ་ལྷའི་ཐུགས་ཀར་ཟླ་བའི་སྟེང་། །

ཐུགས་སྲོག་སྔགས་ཀྱི་ཕྲེང་བ་གསལ། །

འོད་འཕྲོས་རྒྱལ་མཆོད་བྱིན་རླབས་བསྡུས། །

སེམས་ཅན་སྒྲིབ་སྦྱངས་ཚེ་བསོད་སྤེལ། །

དངོས་གྲུབ་ཀུན་འདུས་བདག་ཐིམ་པས། །

བྱིན་རླབས་དངོས་གྲུབ་ཆར་འབེབས་གྱུར། །

ཨོཾ་པདྨ་ཀྲོ་དྷཱ་ཨརྱ་ཛཾ་བྷ་ལ་ཧྲི་ད་ཡ་ཧཱུྃ་ཕཊཿ

ཌཀྐི་ནི་ཧ་རི་ནི་ས་སྲིད་གསུམ་གྱི་ཟས་ནོར་ཚེ་བསོད་དཔལ་འབྱོར་སྙན་གྲགས་མངའ་ཐང་ཀཱ་ཡ་ཝཀྐཱ་ཙིཏྟ་ཝ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ།

ཅེས་བཟླས་དམིགས་མེད་ཀ་དག་ཀློང་དུ་བཞག དགེ་བསྔོ་བཀྲ་ཤིས་སྨོན་ལམ་བྱའོ།།

 

ཅེས་སློབ་མ་སྦྱིན་བདག་ཨོ་རྒྱན་ཨ་སུ་རཱ་ཡིས་ངོར་རིག་འཛིན་ཆོས་རྒྱལ་རྡོ་རྗེའི་དཔལ་ལྡན་འབྲུག་པའི་སྙིང་པོའི་བསྟན་པ་འབྲུག་མདོ་སྔགས་བཤད་སྒྲུབ་གླིང་གི་གདན་ས་གྲུབ་ཆེན་ཚོགས་གཉིས་ཀྱི་སྒྲུབ་ཁང་ནས་བྲིས་པའོ།། སརྦ་མངྒ་ལཾ།།

 

ཨ་ལྡེའུ་རིན་པོ་ཆེ།

White Jambhala

གནས་ཚུལ་འཕར་མ།

ཕབ་ལེན།

EPUB  PDF 

གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ལ་བཞུགས་མྱོང་མེད་པའི་གང་ཟག་རྣམས་ཀྱིས་ངག་འདོན་དང་ཉམས་ལེན་བྱེད་མི་ཆོག་པའི་ཆོས་ཚན་ཁག་ཅིག་ཡོད།

གལ་ཏེ་ཁྱེད་རང་གིས་ཟབ་ཆོས་འདི་དག་ཉམས་ལེན་བྱེད་ཆོག་མིན་ལ་ཐེ་ཚོམ་ཡོད་ཚེ་ངེས་པར་དུ་བརྒྱུད་པ་དེ་ལྡན་གྱི་མཚན་ལྡན་བླ་མའི་དྲུང་ནས་དབང་ལུང་ཁྲིད་གསུམ་ཐོབ་པ་བྱེད་དགོས།

OK
This website uses cookies to collect anonymous usage statistics and enhance the user experience.
Decline
Accept