བོད་བརྒྱུད་ནང་བསྟན་གསུང་རབ་སྒྲ་བསྒྱུར་ཁང་།
ISSN 2753-4812
ISSN 2753-4812

ཡུམ་ཀ་མཚོ་རྒྱལ་གྱི་གསོལ་འདེབས༔

English | བོད་ཡིག

༄༅། །ཡུམ་ཀ་མཚོ་རྒྱལ་གྱི་གསོལ་འདེབས་བཞུགས༔

 

ཨེ་མ་ཧོ༔

ཆོས་དབྱིངས་སྤྲོས་པ་བྲལ་བའི་ཕོ་བྲང་ནས༔

ཆོས་སྐུ་རྒྱལ་བ་ཡུམ་ཆེན་ལ་གསོལ་བ་འདེབས༔

མ་དག་རང་བཞིན་ཀུན་གཞིའི་བག་ཆགས་ཚོགས༔

དག་པ་གཉིས་ལྡན་ཆོས་སྐུར་བྱིན་གྱིས་རློབས༔

 

འགགས་མེད་ཡེ་ཤེས་བཀོད་པ་ལྷུན་གྱིས་གྲུབ༔

ལོངས་སྐུ་རྡོ་རྗེ་ཕག་མོ་ལ་གསོལ་བ་འདེབས༔

ལས་རླུང་ཀུན་གཞིའི་རྣམ་ཤེས་ཉོན་ཡིད་སོགས༔

དུག་ལྔ་ཡེ་ཤེས་ལྔ་རུ་བྱིན་གྱིས་རློབས༔

 

ཐུགས་རྗེ་འགྲོ་བ་འདུལ་བའི་ཕོ་བྲང་ནས༔

སྤྲུལ་སྐུ་ཡེ་ཤེས་མཚོ་རྒྱལ་ལ་གསོལ་བ་འདེབས༔

གློ་བུར་ཀུན་རྟོག་འཁྲུལ་པ་རང་སར་ཞིག༔

སྐུ་གསུམ་དགོངས་པ་མངོན་གྱུར་བྱིན་གྱིས་རློབས༔

 

འདི་ནས་བཟུང་སྟེ་ཚེ་རབས་ཐམས་ཅད་དུ༔

བླ་མ་མཁའ་འགྲོའི་ཐུགས་རྗེས་རྗེས་བཟུང་ཞིང་༔

རྡོ་རྗེ་ཐེག་པའི་ལམ་མཆོག་རབ་ཏུ་རྙེད༔

ཀུན་བཟང་གདོད་མའི་གཞི་ལ་བྱང་ཆུབ་ཤོག༔

 

དེ་ལྟར་གུས་པས་གསོལ་བཏབ་ན༔ ཡེ་ཤེས་མཁའ་འགྲོའི་རྗེས་སུ་འཛིན༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔

 

ཅེས་ངག་དབང་ཆོས་འཕེལ་ངོར་ཕྲིན་ལས་གླིང་པས་སོ༔

 

ཨ་པཾ་གཏེར་སྟོན།

ཡེ་ཤེས་མཚོ་རྒྱལ།

གནས་ཚུལ་འཕར་མ།

BDRC Author Profiles: P6489 P7695

ཕབ་ལེན།

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept