ཇོ་མོ་གཡང་རིའི་གསོལ་བསྡུས།
༄༅། །ཇོ་མོ་གཡང་རིའི་གསོལ་བསྡུས།
ཀྱཻ། སྔོན་ཚེ་པདྨའི་སྤྱན་སྔ་རུ། །
གནས་བསྟན་སྐྱོང་བར་ཞལ་བཞེས་པའི། །
སྨན་བཙུན་རྡོ་རྗེ་གཡང་རི་མ། །
སྤྲུལ་འཁོར་ཡོངས་རྫོགས་གསོལ་ཞིང་མཆོད། །
བདག་ཅག་གར་འགྲོ་གར་འདུག་ཀྱང་། །
བསམ་པ་སྒྲུབ་ལ་རེ་བ་སྐོང་། །
ཁ་འཛིན་རྒྱབ་རྟེན་སྡོང་གྲོགས་སོགས། །
གང་བཅོལ་ལས་རྣམས་མྱུར་འགྲུབ་མཛོད། །
ཅེས་པའང་རིག་པ་འཛིན་པ་སངས་རྒྱས་རྡོ་རྗེས་སོ།།
