Essence of All the Buddhas—Tibetan

Practices › Prayers | བོད་ཀྱི་བླ་མ།བྱ་བྲལ་སངས་རྒྱས་རྡོ་རྗེ།

English | བོད་ཡིག

བྱ་བྲལ་སངས་རྒྱས་རྡོ་རྗེ།

Chatral Rinpoche, Sangye Dorje

Further information:
Download this text:

༄༅། །དུས་གསུམ་སངས་རྒྱས་ཐམས་ཅད་སོགས།

 

དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་རིན་པོ་ཆེ་མཁྱེན་ནོ།

བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ།

བློ་ཆོས་སུ་འགྲོ་བར་བྱིན་གྱིས་བརླབ་ཏུ་གསོལ།

ཆོས་ལམ་དུ་འགྲོ་བར་བྱིན་གྱིས་བརླབ་ཏུ་གསོལ།

ལམ་འཁྲུལ་བར་ཞིག་པར་བྱིན་གྱིས་བརླབ་ཏུ་གསོལ།

འཁྲུལ་སྣང་ཡེ་ཤེས་སུ་འཆར་བར་བྱིན་གྱིས་བརླབ་ཏུ་གསོལ།

ཆོས་མིན་རྣམ་རྟོག་འགགས་པར་བྱིན་གྱིས་བརླབ་ཏུ་གསོལ།

ཉིན་མཚན་ཆོས་ལ་འདའ་བར་བྱིན་གྱིས་བརླབ་ཏུ་གསོལ།

ཞེས་ཐུན་ཐམས་ཅད་ཀྱི་མགོར་གསོལ་བ་བཏབ་པར་བྱའོ།།

 

རྗེ་བླ་མ་བདྡྷ་བཛྲ་གྱི་ཕྱག་བྲིས་དངོས་ལས་ཞལ་བཤུས་པའོ།།

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept