Advice to Ane Tsöndrü Palmo—Tibetan

Literary Genres › Songs and Poems | བོད་ཀྱི་བླ་མ།རྡོ་རྗེ་་གླིང་པ།

English | བོད་ཡིག

རྡོ་རྗེ་་གླིང་པ།

རྡོ་རྗེ་་གླིང་པ།

Further information:
Download this text:

༄༅། །ཨ་ནེ་བརྩོན་འགྲུས་དཔལ་མོ་སོགས་ཨ་ནེ་འགར་གནང་པའི་གསུང་གྲོས།

དེའི་དུས་སུ་མངའ་རིས་གུང་ཐང་རྒྱལ་པོའི་གདན་འདྲེན་པ་སླེབ་བྱུང་བ་ལ། ཞུ་ཡིག་ཕུལ་ནས་སླར་ཡང་ལ་ཡག་ཏུ་སླེབ། ཀུན་གྱིས་ཕེབས་སྐུ་རྣམས་རིམ་པར་བྱས་ཤིང་། ཁྱད་པར་སྒྲོམ་བུ་བ་རྣམས་ཀྱིས་ཕེབས་སྐུ་ལ་གདན་དྲངས་གཟབ་པར་བྱས་ཤིང་། སྐྱེར་གྱི་འོག་ཙམ་དུ་ཨ་ནེ་བརྩོན་གྲུས་དཔལ་མོ་སོགས་ཨ་ནེ་འགའ་ད་ལན་ཅིས་ཀྱང་གསུང་གྲོས་ཤིག་དགོས་ཟེར་ནན་ཆེ་བ་ལ། མ་ཎིའི་རྟ་ལ་བཅུག་སྟེ་དབྱངས་དང་བཅས་པས་འདི་སྐད་འཐེན་ནོ།།

ཨོཾ་མ་ཎི་པདྨེ་ཧཱུྃ། །
ཨོཾ་མ་ཎི་པདྨེ་ཧཱུྃ། །

བརྒྱུད་པ་མི་ངན་བརྒྱུད་པ་བཟང། །
བརྒྱུད་པ་ཀུན་ཏུ་བཟང་དང་ཡགས་སོ་ཨའོ། །
ཨོཾ་མ་ཎི་པདྨེ་ཧཱུྃ། །

བླ་མ་མི་ངན་བླ་མ་བཟང། །
བླ་མ་ཨུ་རྒྱན་པདྨ་བཟང་དང་ཡགས་སོ་ཨའོ། །
ཨོཾ་མ་ཎི་པདྨེ་ཧཱུྃ། །

མཁན་པོ་ནི་ངན་མཁན་པོ་བཟང། །
མཁན་པོ་བོདྷི་སཏྭ་བཟང་དང་ཡགས་སོ་ཨའོ། །
ཨོཾ་མ་ཎི་པདྨེ་ཧཱུྃ། །

པཎ་ཆེན་མི་ངན་པཎ་ཆེན་བཟང། །
པཎ་ཆེན་བི་མ་མི་ཏྲ་བཟང་དང་ཡགས་སོ་ཨའོ། །
ཨོཾ་མ་ཎི་པདྨེ་ཧཱུྃ། །

ལོ་ཙྪ་མི་ངན་ལོ་ཙྪ་བཟང། །
ལོ་ཙྪ་བཻ་རོ་ཙ་ན་བཟང་དང་ཡགས་སོ་ཨའོ། །
ཨོཾ་མ་ཎི་པདྨེ་ཧཱུྃ། །

སྦྱིན་བདག་མི་ངན་སྦྱིན་བདག་བཟང། །
སྦྱིན་བདག་ཁྲི་སྲོང་ལྡེ་བཙན་བཟང་དང་ཡགས་སོ་ཨའོ། །
ཨོཾ་མ་ཎི་པདྨེ་ཧཱུྃ། །

གྲོགས་གཅིག་མི་ངན་གྲོགས་གཅིག་བཟང། །
གྲོགས་གཅིག་ཡེ་ཤེས་མཚོ་རྒྱལ་བཟང་དང་ཡགས་སོ་ཨའོ། །
ཨོཾ་མ་ཎི་པདྨེ་ཧཱུྃ། །

ཕ་གཅིག་མི་ངན་ཕ་གཅིག་བཟང། །
ཕ་གཅིག་པདྨ་གླིང་པ་བཟང་དང་ཡགས་སོ་ཨའོ། །
ཨོཾ་མ་ཎི་པདྨེ་ཧཱུྃ། །

བུ་གཅིག་མི་ངན་བུ་གཅིག་བཟང། །
བུ་གཅིག་མཆོག་ལྡན་མགོན་པོ་བཟང་དང་ཡགས་སོ་ཨའོ། །
ཨོཾ་མ་ཎི་པདྨེ་ཧཱུྃ། །

ཡི་དམ་མི་ངན་ཡི་དམ་བཟང། །
ཡི་དམ་ཁྲོ་བཀའ་བརྒྱད་བཟང་དང་ཡགས་སོ་ཨའོ། །
ཨོཾ་མ་ཎི་པདྨེ་ཧཱུྃ། །

ཆོས་སྐྱོང་མི་ངན་ཆོས་སྐྱོང་བཟང། །
ཆོས་སྐྱོང་མ་ནིང་འཁོར་བཅས་བཟང་དང་ཡགས་སོ་ཨའོ། །
ཨོཾ་མ་ཎི་པདྨེ་ཧཱུྃ། །

དམ་ཆོས་ནི་ངན་དམ་ཆོས་བཟང། །
དམ་ཆོས་རྫོགས་ཆེན་སྙིང་ཐིག་བཟང་ཡང་ཡགས་སོ་ཨའོ། །
ཨོཾ་མ་ཎི་པདྨེ་ཧཱུྃ། །

འགྲོ་དོན་མི་ངན་འགྲོ་དོན་བཟང། །
འགྲོ་དོན་འབྲེལ་ཚད་དོན་ལྡན་བཟང་དང་ཡགས་སོ་ཨའོ། །
ཨོཾ་མ་ཎི་པདྨེ་ཧཱུྃ། །

སྨོན་ལམ་མི་ངན་སྨོན་ལམ་བཟང། །
སྨོན་ལམ་འཁོར་བ་དོང་སྤྲུགས་བཟང་དང་ཡགས་སོ་ཨའོ། །
ཨོཾ་མ་ཎི་པདྨེ་ཧཱུྃ། །

ཞེས་བྱས་སོ།།

This website uses cookies to collect anonymous usage statistics and enhance the user experience.
Decline
Accept