A Yogi's Happy Song—Tibetan

Literary Genres › Songs and Poems | བོད་ཀྱི་བླ་མ།རྡོ་རྗེ་་གླིང་པ།

English | བོད་ཡིག

རྡོ་རྗེ་་གླིང་པ།

རྡོ་རྗེ་་གླིང་པ།

Further information:
Download this text:

༄༅། །རྣལ་འབྱོར་པའི་སྐྱིད་གླུ། །

ན་མོ་གུ་རུ་དྷེ་ཝ་དཱ་ཀི་ནི། །

བླ་མ་དམ་པའི་བཀའ་དྲིན་གྱིས། །
ད་རེས་རྣལ་འབྱོར་བདེ་ཞིང་སྐྱིད། །
གཉིས་འཛིན་དྲན་རྟོག་དབྱིངས་སུ་ཐིམ། །
འགགས་མེད་རིག་པ་རང་གསལ་འཕྱོ། །

ཕྱི་རོལ་གཟུགས་ཀྱི་སྣང་བ་དང་། །
ཤེས་བྱ་ཤེས་བྱེད་ཐམས་ཅད་ཀྱང་། །
རང་སེམས་ངང་དུ་གཅིག་པར་གོ། །

སྣང་བའི་གཟུགས་ལ་ཕར་བལྟས་པས། །
སྣང་སེམས་དབྱེར་མེད་ངང་གིས་འདྲེས། །

རང་རིག་སེམས་ལ་ཚུར་བལྟས་པས། །
ཡེ་སྟོང་རང་གསལ་ཆོས་ཀྱི་སྐུ། །

རང་བྱུང་ལྷུན་གྲུབ་ངོ་མཚར་ཆེ། །
མ་བཅོས་བདེ་བ་ཆེན་པོ་འདི། །
ཡེ་ནས་རང་ལ་རང་ཆས་ཏེ། །

བཟོ་བོ་མཁས་པས་མཅོས་པ་མིན། །
བརྟག་དཔྱད་མཁས་པས་ཤེས་པ་མིན། །
བླ་མ་དམ་པའི་བཀའ་དྲིན་ཡིན། །
མོས་གུས་ཅན་གྱི་གོ་བ་ཡིན། །
ལས་འཕྲོ་ཅན་གྱིས་རྟོགས་པ་ཡིན། །
བསམ་གྱིན་བླ་མ་བཀའ་དྲིན་ཆེ། །

This website uses cookies to collect anonymous usage statistics and enhance the user experience.
Decline
Accept