Serkyem and Torma Offering—Tibetan

Deities › Dharma Protectors | Practices › Torma Offering | བོད་ཀྱི་བླ་མ།བདུད་འཇོམས་གླིང་པ།

English | བོད་ཡིག

བདུད་འཇོམས་གླིང་པ།

བདུད་འཇོམས་གླིང་པ།

Further information:
Download this text:

༄༅། །གསེར་སྐྱེམས་གཏོར་འབུལ་བཞུགས༔

 

དཀོན་མཆོག་གསུམ་དང་རྩ་གསུམ་ཆོས་སྐྱོང་ཚོགས༔

ཕྱི་ཡི་སྡེ་བརྒྱད་ནང་གི་སྡེ་བརྒྱད་དང་༔

གསང་བའི་སྡེ་བརྒྱད་མཆོག་གི་སྡེ་བརྒྱད་དང་༔

སྤྲུལ་པའི་སྡེ་བརྒྱད་སྣང་སྲིད་སྡེ་བརྒྱད་སོགས༔

སྤྲུལ་པའི་ཡང་སྤྲུལ་བཀའ་སྡོད་བྲན་གཡོག་བཅས༔

འདིར་གཤེགས་གསེར་སྐྱེམས་གཏོར་མའི་མཆོད་འབུལ་བཞེས༔

མཐུན་རྐྱེན་བསམ་དོན་བསྒྲུབ་ལ་འགལ་རྐྱེན་བཟློག༔

རབ་འབྱམས་ཕྲིན་ལས་མ་ལུས་ཡོངས་གྲུབ་མཛོད༔

བཀའ་དང་དམ་ལས་མ་འདའ་ས་མ་ཡ༔

 

ཞེས་པའང་བདུད་འཇོམས་པས་སོ༎ ༎

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept