ལྷ་མོ་ལོ་གྱིན་མའི་གཟུངས་སྔགས།
༄༅། །ལྷ་མོ་ལོ་གྱིན་མའི་གཟུངས་སྔགས།
ཨེ་མ་ཨེ་མ་ལྷ་མོ་སྒྲོལ་མ། །
སྲིད་ཞི་ཀུན་གྱི་ཡུམ་དུ་གྱུར་མ། །
བློ་ལས་འདས་པའི་མཐུ་སྟོབས་ཅན་མ། །
ཤེས་རབ་དང་ནི་མཛེས་སྡུག་ལྡན་མ། །
སྤོབས་པ་དང་ནི་སྙིང་རྗེ་ཅན་མས། །
ཐུགས་རྗེའི་འོད་ཟེར་ཀུན་ཏུ་འཕྲོས་ཏེ། །
འགྲོ་བ་ཡོངས་ལ་ཁྱབ་པར་མཛད་ནས། །
ཕྱི་ནང་གསང་བའི་འགོ་བའི་རིམས་ནད། །
ལོ་དང་ཟླ་བ་ཞག་ལའང་མ་འགོར། །
སྐད་ཅིག་ཉིད་ལ་འཇོམས་ཤིང་ཞི་མཛོད། །
ཨོཾ་པི་ཤཱ་ཙི་པརྞ་ཤ་ཝ་རཱི་སརྦ་ཛྭ་ར་པྲ་ཤ་མ་ཎཱ་ཡ་སྭཱ་ཧཱ།
དགེ་བ་འདི་ཡིས་མྱུར་དུ་བདག །
ལྷ་མོ་སྒྲོལ་མ་འགྲུབ་གྱུར་ནས། །
འགྲོ་བ་གཅིག་ཀྱང་མ་ལུས་པ། །
དེ་ཡི་ས་ལ་འགོད་པར་ཤོག །
ཅེས་སོགས་བསྔོ་སྨོན་གྱིས་རྒྱས་གདབ་བོ།། །།
