ཡི་དམ་རྡོ་རྗེ་ཕག་མོའི་རྒྱུན་ཁྱེར་ཉུང་ངུ་།
༄༅། །ཡི་དམ་རྡོ་རྗེ་ཕག་མོའི་རྒྱུན་ཁྱེར་ཉུང་ངུ་ནི།
སྟོང་ལས་རང་ཉིད་སྐད་ཅིག་དྲན་རྫོགས་སུ། །
བཅོམ་ལྡན་རྡོ་རྗེ་ཕག་མོ་སྐུ་མདོག་དམར། །
ཞལ་གཅིག་ཕྱག་གཉིས་གཡས་པས་གྲི་གུག་ཕྱར། །
གཡོན་པས་ཐོད་པ་བདུད་རྩིས་གང་བ་འཛིན། །
ཞབས་གཉིས་པད་ཉི་རོ་སྟེང་བརྐྱང་བསྐུམ་བཞུགས། །
ཐུགས་ཀའི་ཧྲཱིཿམཐར་སྔགས་ཀྱི་ཕྲེང་བས་བསྐོར། །
དེ་ལས་འོད་འཕྲོས་སྲས་བཅས་རྒྱལ་བ་མཆོད། །
ཁམས་གསུམ་འགྲོ་བའི་སྡིག་སྒྲིབ་མ་ལུས་སྦྱངས། །
ཕྱི་སྣོད་འཇིག་རྟེན་དག་པ་རབ་འབྱམས་ཞིང་། །
ནང་བཅུད་སྐྱེ་འགྲོ་ལྷ་དང་ལྷ་མོའི་དང་། །
སྒྲ་གྲགས་སྔགས་ལ་དྲན་རྟོག་འོད་གསལ་དབྱིངས། །
ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ།
ཞེས་བཟླ།
སྣོད་བཅུད་ཐམས་ཅད་འོད་ཞུ་རང་ལ་ཐིམ། །
རང་ཡང་ཐུགས་ཀའི་ཧྲཱིཿར་ཐིམ་དེ་ཡང་ཡལ། །
སྣང་སྟོང་ངང་ལས་སླར་ཡང་ཝཱ་ར་ཧཱིའི། །
ཁྱེར་སོ་གསུམ་གྱི་རྣལ་འབྱོར་ལམ་དུ་བྱ། །
དགེ་བ་འདི་ཡིས་མྱུར་དུ་བདག །
རྡོ་རྗེ་ཕག་མོ་འགྲུབ་གྱུར་ནས། །
འགྲོ་བ་གཅིག་ཀྱང་མ་ལུས་པ། །
དེ་ཡི་ས་ལ་འགོད་པར་ཤོག །
ཅེས་པའང་སྒིས་སྣའི་གྲྭ་ཀརྨ་གཞན་ཕན་གྱིས་ལྷ་སྐལ་དང་དེའི་སྒོམ་བཟླས་བཅས་དགོས་ཞེས་རྟེན་བཅས་བསྐུལ་ངོར་ཀརྨ་པ་བཅོ་ལྔ་པ་བྲིས་པ་དགེ། །།
