བོད་བརྒྱུད་ནང་བསྟན་གསུང་རབ་སྒྲ་བསྒྱུར་ཁང་།
ISSN 2753-4812
ISSN 2753-4812

འབྲི་གུང་ཨ་ཕྱི་ཆོས་སྒྲོན་གྱི་གསེར་སྐྱེམས།

English | བོད་ཡིག

༄༅། །འབྲི་གུང་ཨ་ཕྱི་ཆོས་སྒྲོན་གྱི་གསེར་སྐྱེམས།

 

རྃ་ཡྃ་ཁྃ།

གསེར་སྐྱེམས་ཟག་མེད་བདུད་རྩིར་གྱུར། །

ཨོཾ་ཨཱཿཧཱུྃ།

དཀོན་མཆོག་རྩ་གསུམ་ཆོས་སྲུང་རྒྱ་མཚོ་དང་། །

ནོར་ལྷ་གཏེར་བདག་མགུལ་ལྷ་ཟོ་དོར་ཚོགས། །

བོད་སྐྱོང་བརྟན་མ་བཅུ་གཉིས་འཁོར་བཅས་ལ། །

གསེར་སྐྱེམས་མཆོད་པ་འབུལ་ལོ་ཕྲིན་ལས་མཛོད། །

 

ཁྱད་པར་ཡུམ་ཆེན་ཌཱ་ཀི་ཡོངས་ཀྱི་གཙོ། །

དབྱིངས་ཕྱུག་བདེ་ཆེན་ཆོས་སྒྲོན་འཁོར་བཅས་ལ། །

གཙང་མ་ཕུད་ཀྱི་མཆོད་པ་འདི་འབུལ་ལོ། །

བཞེས་ནས་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །

 

མཁའ་ཀློང་པདྨོ་འཁྱིལ་པའི་ཟེའུ་འབྲུ་ལས། །

དངོས་གྲུབ་རྡོ་རྗེ་ཉི་མའི་ཟིལ་པ་ཡིས། །

རྣལ་འབྱོར་བདག་གི་ཁམས་ལྔ་ཉམས་པ་གསོས། །

གྲུབ་གཉིས་པདྨོ་བཞད་པའི་ཕྲིན་ལས་མཛོད། །

 

ཅེས་པའང་ལྕགས་ར་བླ་མ་འཇམ་དབྱངས་དགེ་ལེགས་ནས་བསྐུལ་ངོར་ཆོས་ཀྱི་བློ་གྲོས་པས་སོ། །སརྦ་དཱ་མངྒ་ལཾ།། །།

 

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

Achi Chökyi Drolma

གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ལ་བཞུགས་མྱོང་མེད་པའི་གང་ཟག་རྣམས་ཀྱིས་ངག་འདོན་དང་ཉམས་ལེན་བྱེད་མི་ཆོག་པའི་ཆོས་ཚན་ཁག་ཅིག་ཡོད།

གལ་ཏེ་ཁྱེད་རང་གིས་ཟབ་ཆོས་འདི་དག་ཉམས་ལེན་བྱེད་ཆོག་མིན་ལ་ཐེ་ཚོམ་ཡོད་ཚེ་ངེས་པར་དུ་བརྒྱུད་པ་དེ་ལྡན་གྱི་མཚན་ལྡན་བླ་མའི་དྲུང་ནས་དབང་ལུང་ཁྲིད་གསུམ་ཐོབ་པ་བྱེད་དགོས།

OK
This website uses cookies to collect anonymous usage statistics and enhance the user experience.
Decline
Accept