Yellow Jambhala Sang—Tibetan

Deities › Jambhala | Practices › Sang Offering | Practices › Wealth & Prosperity | བོད་ཀྱི་བླ་མ།འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

English | བོད་ཡིག

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

Jambhala

༄༅། །ཛཾ་སེར་བསང་བཞུགས་སོ། །

 

ཀྱེ། གནོད་སྦྱིན་ནོར་ལྷ་རྒྱ་མཚོའི་ཕོ་བྲང་ཆེར། །

རྨུགས་འཛིན་སེར་པོ་འདོད་རྒུའི་གཏེར་གྱི་བདག །

ཕྱྭ་གཡང་ནོར་བུའི་སྤྲིན་ཆེན་རྒྱས་པ་དང་། །

དགོས་འདོད་ནོར་བུའི་གྲུ་ཆར་འབེབས་པའི་ཕྱིར། །

འདིར་གཤེགས་པད་ཟླའི་གདན་ལ་དགྱེས་པར་བཞུགས། །

ཁྱེད་ལ་དགྱེས་པའི་མཆོད་སྤྲིན་འབུལ་བ་ནི། །

བཟང་ཤིང་སྣ་ཚོགས་སྦྱར་བའི་དུད་སྤྲིན་དང་། །

ཞལ་ཟས་ཇ་ཆང་འོ་ཞོའི་སྐྱེམས་ཕུད་སོགས། །

སྲིད་བའི་ཡོ་བྱད་ངོ་མཚར་རྣམ་མང་པོས། །

གཏེར་བདག་འཁོར་དང་བཅས་ལ་མཆོད་པར་བགྱི། །

བདག་ཅག་དཔོན་སློབ་མི་མཐུན་འགལ་རྐྱེན་ཞི། །

མི་ནད་ཕྱུགས་ནད་དུས་འཁྲུགས་རྒྱུན་ཆད་ཅིང་། །

ཡུལ་ཁམས་ཐམས་ཅད་བདེ་ཞིང་སྐྱིད་པ་དང་། །

རྫོགས་ལྡན་དཔལ་གྱི་འབྱོར་པ་རྒྱས་གྱུར་ཅིག །

 

ཅེས་པའང་རྫོང་སར་རྡོར་འཛིན་བླ་མ་འཇམ་དཔལ་ཆོས་དབང་ནས་བསྐུལ་ངོར་ཆོས་ཀྱི་བློ་གྲོས་པས་སོ།། །།

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept