Prayer to the Great Sacred Site of Pema Shelpuk—Tibetan

Practices › Pilgrimage | Places › TibetDzongsarPema Shelpuk | བོད་ཀྱི་བླ་མ།འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

English | བོད་ཡིག

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

Pema Shelpuk, Lotus Crystal Cave

༄༅། །གནས་ཆེན་པདྨ་ཤེལ་ཕུག་གི་གསོལ་འདེབས་བཞུགས་སོ།

 

ཨོཾ་ཨཱཿཧཱུྃྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃྃ།

 

ངོ་བོ་བློ་འདས་སྤྲོས་པ་བྲལ་བའི་དབྱིངས། །

རང་རིག་བླ་མ་མཚོ་སྐྱེས་རྡོ་རྗེ་འཆང་། །

དགོངས་ཀློང་འདུ་བྲལ་མེད་ལ་གསོལ་བ་འདེབས། །

ཡེ་་ཤེས་དགོངས་པའི་རྩལ་ཆེན་རྫོགས་པར་ཤོག །

 

རྩ་གསུམ་ཀུན་འདུས་ཨོ་རྒྱན་རིན་པོ་ལ། །

ཡིད་ཆེས་མོས་གུས་གདུང་བས་གསོལ་བ་འདེབས། །

སྐྱེ་བ་ཀུན་ཏུ་འབྲལ་མེད་རྗེས་བཟུང་ནས། །

དོན་གཉིས་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག །

 

ཅེས་པའང་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་ཤིང་བྱི་ཟླ་བ་བཅུ་གཅིག་པའི་ཚེས་བཅུན་བདུན་ལ་གསོལ་བ་བཏབ་པ་སིདྡྷི་རསྟུ།།

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept