བོད་བརྒྱུད་ནང་བསྟན་གསུང་རབ་སྒྲ་བསྒྱུར་ཁང་།
ISSN 2753-4812
ISSN 2753-4812

དྲག་སྔགས་གནས་ལ་ཅུང་ཟད་བསྔགས་པ་བཀྲ་ཤིས་ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན།

English | བོད་ཡིག

༄༅། །དྲག་སྔགས་གནས་ལ་ཅུང་ཟད་བསྔགས་པ་བཀྲ་ཤིས་ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་ཞེས་བྱ་བ། །

ཞི་སྙིང་རྗེས་ཟུང་འཇུག་རྡོ་རྗེ་གྲོ་ལོད་ཀྱི་ཐུགས་སྲས། །
གཡའ་མ་ལུང་དུ་དམོད་པ་དྲག་སྔགས་ཀྱི་བཀའ་བབས། །
པ་གོར་རིགས་འཁྲུངས་རྣམ་པར་སྣང་མཛད་ཀྱི་མཚན་འཆང་། །
ཨོ་རྒྱན་དངོས་དང་མཉམ་པའི་གྲུབ་ཆེན་དེ་དྲན་བྱུང་། །

གནས་ཡུལ་བཀོད་པ་ཕུན་ཚོགས་འཆི་མེད་ཀྱི་དགའ་ཚལ། །
གསང་གསུམ་ཕྱག་རྒྱའི་གཟུགས་བརྙན་སློབ་དཔོན་གྱི་བཀའ་རྟགས། །
མཇལ་ན་མི་མཐུན་མེད་པ་སངས་རྒྱས་ཀྱི་ཞིང་ཁམས། །
རིག་འཛིན་སྲས་བཅས་དགྱེས་པའི་གནས་མཆོག་དེར་འདུད་དོ། །

ཟག་པ་རྣམ་གསུམ་ཟད་པ་ཚེ་དབང་གི་རིག་འཛིན། །
དྲང་སྲོང་བདེན་ཚིག་གྲུབ་པ་ངན་སྔགས་ཀྱི་མཚོན་ཆ། །
ཤེས་བྱའི་ཆོས་ཀུན་གཟིགས་པ་ཡེ་ཤེས་ཀྱི་སྤྱན་ལྡན། །
རྒྱལ་བསྟན་སྲུང་དང་སྤེལ་བའི་བྱེད་པོ་རུ་གྱུར་ཅིག །

ཅེས་གཡའ་ལུང་གནས་འབྲེལ་དང་ཚོགས་མཆོད་གྲུབ་རྗེས་༧པདྨ་ཕྲིན་ལས་སྙིང་པོས་སྨོན་པ་དགེ། །།

ཇོ་སྐྱབས་པདྨ་འཕྲིན་ལས་སྙིང་པོ།

Drakmar Yamalung

གནས་ཚུལ་འཕར་མ།

BDRC Author Profiles: P7650 P5013

ཕབ་ལེན།

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept