བོད་བརྒྱུད་ནང་བསྟན་གསུང་རབ་སྒྲ་བསྒྱུར་ཁང་།
ISSN 2753-4812
ISSN 2753-4812

མཆོད་བསྟོད་གནས་ལ་ཟུར་ཙམ་བསྔགས་པ་བཀྲ་ཤིས་རཏྣའི་གདུགས་བཟང་།

English | བོད་ཡིག

༄༅། །མཆོད་བསྟོད་གནས་ལ་ཟུར་ཙམ་བསྔགས་པ་བཀྲ་ཤིས་རཏྣའི་གདུགས་བཟང་ཞེས་བྱ་བ། །

ཌོམ་བུ་གུ་ཧྱའི་རྒྱུད་འཛིན་ཤཱཀ་སེང་གི་ཐུགས་སྲས། །
གནམ་མཚོའི་གནས་སུ་དྲེགས་པ་ཀུན་འདུལ་གྱི་བཀའ་བབས། །
རླངས་ཆེན་རིགས་འཁྲུངས་དཔལ་གྱི་སེང་གེ་ཡི་མཚན་འཆང་། །
དྲེགས་པ་ཕོ་ཉར་འགྱེད་པའི་གྲུབ་ཆེན་དེ་དྲན་ནོ། །

བྱང་ཕྱོགས་རི་ཡི་རྒྱལ་པོ་ཐང་ལྷ་ཡི་སྐུ་མཁར། །
དབུས་ཕྱོགས་མཚོ་ལ་ཆེ་བ་གནམ་མཚོ་ཡི་ཕོ་བྲང་། །
ཁམས་ཕྱོགས་ཆུ་བཞིའི་ཐོག་མ་དངུལ་ཆུ་ཡི་གཙང་ཆབ། །
དེ་གསུམ་འབྲེལ་བ་སྔགས་ཀྱི་སྒྲུབ་གནས་ལ་འདུད་དོ། །

རང་སྣང་རྩལ་ལས་ཤར་བའི་སྣང་སྲིད་ཀྱི་དྲེགས་བྱེད། །
མཆོད་བསྟོད་བརྟེན་ཅིང་སྒྲུབ་པས་བྲན་བཞིན་དུ་ཁོལ་བས། །
ལས་བཞིའི་ཅི་བཅོལ་ཕྲིན་ལས་ཐོགས་མེད་དུ་སྒྲུབས་ནས། །
རྒྱལ་བསྟན་དབུ་འཕང་མཐོ་བའི་རྒྱུ་རྐྱེན་དུ་གྱུར་ཅིག །

ཅེས་གནས་དང་ས་ཐག་རིང་ཀྱང་དེ་ལས་བྱུང་བའི་ཆུ་བོ་རྒྱུན་འབབས་ཀྱི་འགྲམ་དུ་ཚོགས་མཆོད་རྟེན་འབྲེལ་ཙམ་བགྱིས་ཏེ་༧པདྨ་ཕྲིན་ལས་སྙིང་པོས་སྦྱར་བ་དགེ་ལེགས་འཕེལ། །

ཇོ་སྐྱབས་པདྨ་འཕྲིན་ལས་སྙིང་པོ།

Namtso Lake

གནས་ཚུལ་འཕར་མ།

ཕབ་ལེན།

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept