གསུང་གི་དབེན་གནས་ལ་ཆ་ཙམ་བསྔགས་པ་བཀྲ་ཤིས་པདྨ་རྒྱས་པ།
༄༅། །གསུང་གི་དབེན་གནས་ལ་ཆ་ཙམ་བསྔགས་པ་བཀྲ་ཤིས་པདྨ་རྒྱས་པ་ཞེས་བྱ་བ། །
ཀླུ་སྒྲུབ་རྗེས་འཛིན་པདྨ་རྒྱལ་པོ་ཡི་ཐུགས་སྲས། །
མཆིམས་ཕུའི་དབེན་རྩར་པདྨ་དབང་ཆེན་གྱི་བཀའ་བབས། །
ངན་ལམ་རིགས་འཁྲུངས་རྒྱལ་བ་མཆོག་དབྱངས་ཀྱི་མཚན་འཆང་། །
གཙུག་ནས་རྟ་སྐད་འཚེར་བའི་གྲུབ་ཆེན་དེ་དྲན་ནོ། །
པདྨ་རྒྱས་པ་ལྟ་བུའི་དབང་ཆེན་གྱི་ཕོ་བྲང་། །
ལྟ་བས་ཡིད་འཕྲོག་བསྡད་ན་ངོམས་མེད་ཀྱི་དབེན་གནས། །
གང་འབྲེལ་འཚེངས་པ་ཡོན་ཏན་ཀུན་ལྡན་གྱི་ས་གཞི། །
རྗེ་འབངས་གྲུབ་ཐོབ་རྒྱ་མཚོའི་བསྟི་གནས་དེར་འདུད་དོ། །
ཐེག་དགུའི་འགྲོས་དགུ་ས་ལམ་བཅུ་གསུམ་གྱི་སྐད་རྩལ། །
ཆེ་བའི་ཡོན་ཏན་རྟ་མགོ་ལྗང་ཞུར་གྱི་ཡོན་ཏན། །
དཔལ་ཆེན་མ་མོ་རྣལ་འབྱོར་སོ་སོ་ཡི་རང་སྐད། །
ཐེངས་གསུམ་གཞི་ལམ་འབྲས་གསུམ་ཆོས་ཉིད་ཀྱི་རང་སྒྲ། །
གནས་སྐབས་ཚེ་རིང་ནད་མེད་དབང་བཅུ་ལ་དབང་བསྒྱུར། །
མཐར་ཐུགས་བདེ་ཆེན་ཞིང་གི་ལོངས་སྤྱོད་ལ་དབང་བསྒྱུར། །
ས་ཐོབ་ལམ་བགྲོད་རྟ་སྐད་ཐེངས་གསུམ་ལ་དབང་བསྒྱུར། །
བསྟན་འགྲོའི་ཕན་བདེ་སྤེལ་བའི་དབང་པོ་རུ་གྱུར་ཅིག །
ཅེས་དཔལ་གྱི་བསམ་ཡས་མཆིམས་ཕུར་སྤྲེལ་ཟླ ༥ ཚེས་བཅུའི ༢༥ ཚོགས་མཆོད་གྲུབ་རྗེས་༧པདྨ་ཕྲིན་ལས་སྙིང་པོས་སྨོན་པ་དགེ །
