མ་མོ་རྦོད་སྟོང་གི་གནས་ལ་ཅུང་ཟད་བསྔགས་པ་བཀྲ་ཤིས་གསེར་ཉ་ཟུང་འབྲེལ།
༄༅། །མ་མོ་རྦོད་སྟོང་གི་གནས་ལ་ཅུང་ཟད་བསྔགས་པ་བཀྲ་ཤིས་གསེར་ཉ་ཟུང་འབྲེལ་ཞེས་བྱ་བ། །
རིག་འཛིན་གུ་རུ་ཉི་མ་འོད་ཟེར་གྱི་ཐུགས་སྲས། །
ཤམ་པོའི་གནས་སུ་མ་མོ་རྦོད་གཏོང་གི་བཀའ་བབས། །
འབྲོག་མའི་རིགས་འཁྲུང་དཔལ་གྱི་ཡེ་ཤེས་ཀྱི་མཚན་འཆང་། །
མ་མོ་བྲན་དུ་ཁོལ་བའི་གྲུབ་ཆེན་དེ་དྲན་བྱུང་། །
སྟོང་ཁམས་སྲིད་གསུམ་ཕྱོགས་བཅུ་ཨེ་དབྱིངས་ཀྱི་ད་ལ། །
རྩ་རླུང་ཐིག་གསུམ་བདེ་འགྲོ་མུ་ཁ་ལེ་ཉིད་ཞི། །
གསལ་རིག་སྟོང་གསུམ་དབྱེར་མེད་ཀུན་བཟང་མོའི་བྷ་ག །
འགྲོ་ཀུན་མངོན་རྫོགས་རྒྱལ་པོ་འབད་མེད་དུ་འགྲུབ་ཤོག །
ཅེས་ཡར་ལྷ་ཤམ་པོའི་གངས་མདུན་མཁའ་འགྲོ་དགོངས་འདུས་སྙིང་པོའི་ཚོགས་མཆོད་གྲུབ་སྐབས་པདྨ་ཕྲིན་ལས་སྙིང་པོས་སྨོན་པ་དགེ་ལེགས་སུ་གྱུར་ཅིག། །།
