Buddha Akṣobhya Practice—Tibetan

Deities › Akṣobhya | Practices › Sādhanas | Tibetan MastersKarma Chakme

English | བོད་ཡིག

Karma Chakme

Akṣobhya

Further Information:
Download this text:

༄༅། །མི་འཁྲུགས་པའི་མངོན་རྟོགས།

 

རང་ཉིད་བཅོམ་ལྡན་མི་འཁྲུགས་པ། །

སྤྲུལ་སྐུའི་ཆ་ལུགས་མཚན་དཔེ་རྫོགས། །

གླང་པོའི་ཁྲི་ལ་བཞུགས་པར་བསྒོམ། །

ཐུགས་ཀར་ཟླ་སྟེང་ཧཱུྃ་མཐིང་མཐར། །

གཟུངས་ཀྱིས་གཡས་སུ་བསྐོར་བ་ལས། །

འོད་ཟེར་མཐིང་ཁ་རབ་འཕྲོས་པས། །

ཚེ་འདས་ཐོགས་དྲངས་འགྲོ་ཀུན་གྱི། །

ལས་ཀྱི་སྒྲིབ་པ་ཐམས་ཅད་ནི། །

བ་མོར་ཉི་ཟེར་ཕོག་ལྟར་བསྒོམ། །

ན་མོ་རཏྣ་ཏྲ་ཡ་ཡཱ། ཨོཾ་ཀཾ་ཀ་ནི་ཀཾ་ཀ་ནི། རོ་ཙ་ནི་རོ་ཙ་ནི། ཏྲོ་ཊ་ནི་ཏྲོ་ཊ་ནི། ཏྲཱ་ས་ནི་ཏྲཱ་ས་ནི། པྲ་ཏི་ཧ་ན་པྲ་ཏི་ཧ་ན། སརྦ་ཀརྨ་པ་རཾ་པ་ར་ཎི་མེ་སརྦ་སཏྭཱ་ནཱཉྩ་སྭཱ་ཧཱ།

 

ཨ་རཱ་གས་སྦྱར་བའོ༎ ༎