སྐྱེ་འཕྲེང་གསོལ་འདེབས་རིན་ཆེན་འཕྲེང་མཛེས།
༄༅། །སྐྱེ་འཕྲེང་གསོལ་འདེབས་རིན་ཆེན་འཕྲེང་མཛེས་བཞུགས་སོ།།
ན་མོ་གུ་རུ་བྷྱེཿ
ཀ་དག་རང་བྱུང་ཆོས་སྐུ་ཀུན་ཏུ་བཟང་༔
རང་བཞིན་མ་འགགས་ཡེ་ཤེས་རིགས་ལྔའི་ཚོགས༔
ཐུགས་རྗེའི་རོལ་རྩལ་རྒྱལ་ཀུན་ཡོངས་འདུས་པ༔
ཁྱབ་བདག་མཉམ་མེད་བླ༵་མ༵་རི༵ན་པོ༵་ཆེ༵༔
འགྲོ་བློའི་མ་རིག་མུ༵ན་པ་ཡོངས་སེ༵ལ་ཞིང་༔
བཤད་སྒྲུབ་བསྟན་པའི་པད་ཚལ་བཞད་མཛད་པ༔
སྨྲ་བའི་ཉི་མ་འཇིག༵ས་མེད་ཆོས༵་ཀྱི༵་དབ༵ང་༔
བསྟན་པའི་རྩ་ལག་དེ་ལ་གསོལ་བ་འདེབས༔
སྔོན་ཚེ་སངས་རྒྱས་མཐོང་ན་དགའ་བའི་དྲུང་༔
བྱང་སེམས་རིན༵་ཆེན༵་ཟླ༵་བ༵འི་འོ༵ད་ཅེས་བྱ༔
ཐུབ་པའི་སྤྱན་སྔར་འཕ༵གས་པ༵་མ༵་ཕ༵མ་པ༵༔
འཕགས་པའི་ཡུལ་དབུས་དྷརྨ༵་ཤྲི༵་གྲགས༔
བལ་བོའི་ཡུལ་དུ་བཱི༵་མ༵་མ༵་ཏི༵་དང་༔
དབུས་གཙང་ཁམས་སུ་ངག༵་དབ༵ང་བློ༵་གྲོས༵་རྗེ༔
ཙི་ནའི་ཡུལ་དུ་ཐང༵་རྗེ༵་པད༵་མ༵་དཀར༔
གངས་རིའི་ཁྲོད་དུ་དྲི༵་མེ༵ད་འོད༵་ཟེར༵་དང་༔
དྭགས་པོར་ས་སྐྱོང་ཡུལ་འཆང་ཀི༵རྟི༵་ཤྲི༵༔
ད་ལྟ་ཞིང་འདིའི་འགྲོ་ངོར་མི་ཡི་ཚུལ༔
འབྲེལ་ཚད་དོན་ལྡན་འདྲེན་པའི་དབང་ཕྱུག་མཆོག༔
དགེ་བའི་བཤེས་གཉེན་ཚུལ༵་ཁྲིམ༵ས་རྡོ༵་རྗེ༵འི་དཔལ༔
འདི་འོག་བདེ༵་ཆེན༵་རི༵ག་པ༵འི་རྡོ༵་རྗེ་ཞེས༔
མཐོང་ཐོས་དྲན་རེག་སྨིན་གྲོལ་ལམ་ལ་འགོད༔
མ་འོངས་སང༵ས་རྒྱ༵ས་ཆོས༵་ཀྱི༵་བློ༵་གྲོས༵་ཅེས༔
དུས་གསུམ་འགྲོ་འདྲེན་ཁྱེད་ལ་གསོལ་བ་འདེབས༔
སྐྱེ་ཀུན་འབྲལ་མེད་ཁྱོད་ཀྱིས་རྗེས་བཟུང་སྟེ༔
སྨིན་གྲོལ་གདམས་པའི་ཡོན་ཏན་ལུས་ཟུངས་རྒྱས༔
རྫོགས་པ་ཆེན་པོའི་གསང་ལམ་མཐར་ཕྱིན་ནས༔
དོན་གཉིས་ལྷུན་གྲུབ་སངས་རྒྱས་འཐོབ་གྱུར་ཅིག༔
ཅེས་པའང་བསླབ་གསུམ་ནོར་གྱི་རྒྱན་འཆང་དམ་པ་ཡེ་ཤེས་རྒྱ་མཚོས་བཀའ་ནན་མི་ལྡོག་ཙམ་དུ། སྔགས་སྐྱེས་མི་མོ་དབྱངས་ཅན་བཞད་པའི་ལྷ་མོའི་གང་ཤར་ཡི་གེའི་ལམ་དུ་སྨྲས་པའི་ཡི་གེ་པ་ནི། གཏན་གྲོགས་འཇིགས་མེད་པས་བགྱིས་པ་དགེ་ལེགས་འཕེལ༔ དགེའོ། །སརྦ་མངྒ་ལཾ།།
