བོད་བརྒྱུད་ནང་བསྟན་གསུང་རབ་སྒྲ་བསྒྱུར་ཁང་།
ISSN 2753-4812
ISSN 2753-4812

ཕུར་བ་མགུལ་ཁུག་མའི་ཆོས་སྲུང་མཆོད་ཐབས།

English | བོད་ཡིག

༄༅། །ཕུར་བ་མགུལ་ཁུག་མའི་ཆོས་སྲུང་མཆོད་ཐབས་ནི། །

 

ཅི་འབྱོར་བའི་མཆོད་གཏོར་བཤམས་ལ།

རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ།

གཏོར་མ་ཁ་དོག་དྲི་རོ་ནུས་བཅུད་ལྡན། །

ཟག་མེད་ཡེ་ཤེས་སྐྱེད་པའི་དམ་རྫས་འདི། །

རྒྱལ་དབང་ཐམས་ཅད་མཁྱེན་པའི་སྤྱན་སྔ་རུ། །

མགུལ་ཁུག་ལས་བྱུང་རྡོ་རྗེ་ཕུར་བ་ཡི། །

ཡང་ཟབ་དཀྱིལ་འཁོར་གཉན་པོ་ཞལ་ཕྱེས་ཚེ། །

བསྟན་པ་བསྲུང་ཞིང་བསྟན་འཛིན་སྐྱོང་བ་ཡི། །

འཕྲིན་ལས་མཐའ་དག་སྒྲུབ་པར་ཁས་བླངས་པའི། །

རྡོ་རྗེ་གྲགས་ལྡན་འཁོར་དང་བཅས་ལ་འབུལ། །

གཡར་དམ་གཉན་པོ་ཆོས་ཀྱི་དབྱིངས་སུ་བསྲེ། །

བདག་གི་ཡིད་ལ་སྨོན་པའི་དོན་འབྲས་ཀུན། །

མ་ཐོགས་ད་ལྟ་ཉིད་དུ་སྨིན་པར་མཛོད། །

 

ཅེས་ཟླ་ ༥ ཚེས་ ༢༨ ལ་ཨ་བྷྱས་སྨྲས་རིམ་བཞིན་མཁན་པོ་བསོད་དར་རྒྱས་ཀྱིས་ཡི་གེར་སྤེལ་བ་དགེའོ།། །།

 

མཁན་ཆེན་འཇིགས་མེད་ཕུན་ཚོགས།

Two-armed Vajrakīlaya

གནས་ཚུལ་འཕར་མ།

ཕབ་ལེན།

EPUB  PDF 

གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ལ་བཞུགས་མྱོང་མེད་པའི་གང་ཟག་རྣམས་ཀྱིས་ངག་འདོན་དང་ཉམས་ལེན་བྱེད་མི་ཆོག་པའི་ཆོས་ཚན་ཁག་ཅིག་ཡོད།

གལ་ཏེ་ཁྱེད་རང་གིས་ཟབ་ཆོས་འདི་དག་ཉམས་ལེན་བྱེད་ཆོག་མིན་ལ་ཐེ་ཚོམ་ཡོད་ཚེ་ངེས་པར་དུ་བརྒྱུད་པ་དེ་ལྡན་གྱི་མཚན་ལྡན་བླ་མའི་དྲུང་ནས་དབང་ལུང་ཁྲིད་གསུམ་ཐོབ་པ་བྱེད་དགོས།

OK
This website uses cookies to collect anonymous usage statistics and enhance the user experience.
Decline
Accept