Impressions of an Insightful Experience—Tibetan

Schools & Systems › Dzogchen | Literary Genres › Songs and Poems | བོད་ཀྱི་བླ་མ།བླ་ཆུང་ཨ་ཕོ།

English | 中文 | བོད་ཡིག

བླ་ཆུང་ཨ་ཕོ།

Samantabhadra

Further information:
Download this text:

༄༅། །ཨ་ཧོ་ཡེ། ཕྱིའི་སྣང་བ་འདི་ལ་ཞེས་པའི་ཉམས་རྟོགས་འཆར་སྣང་ཞིག །

ཨ་ཧོ་ཡེ། ཕྱིའི་སྣང་བ་འདི་ལ་ཕར་བལྟས་པས། །སྣང་ཡང་སྣང་ལ་བདེན་ཀྱང་བདེན། །ནང་སེམས་ཀྱི་ངོ་ལ་ཚུར་བལྟས་པས། །སྟོང་ཞིང་སྟོང་ལ་སྟོང་བཞིན་སྣང་། །སྣང་བཏགས་གཉིས་འཛིན་གྱི་ཤེས་པ་འདི། །འཁྲུལ་ཞིང་འཁྲུལ་ལ་འཁྲུལ་སྣང་སྤྱོད། །བདེན་འཁྲུལ་གཉིས་འཛིན་གྱི་གཏན་ཚིགས་ཀྱི། །ཞལ་ལྕེ་འདི་རྫོགས་པ་ཆེན་པོས་གཅོད། །གྲོལ་འཁྲུལ་གཉིས་ཀྱི་ལ་ཁ་ན། །དྲན་ཤེས་བུ་ཆུང་གིས་རྒྱང་སོ་བཙུག །ངོས་བཟུང་ཅི་ཡང་མ་རྙེད་པའི། །སོ་མ་འདི་རྫོགས་པ་ཆེན་པོར་མཐོང་། །ཚོགས་བརྒྱད་བྱིས་པའི་རྩེད་ར་ན། །གོམས་མྱོང་གདེང་ལྡན་གྱི་མི་རྒན་ཉལ། །འོད་གསལ་འཁོར་ཡུག་གི་ཉི་མ་འདེ། །བློ་བདེ་གུ་ཡངས་འདི་ཨ་ལ་ལ། །ཞེས་པའང་ས་སྤྲེ་ཟླ་ ༩ ཚེས་ ༢༥ ནུབ་མོ་ཆང་གིས་ར་རོ་བཞིན་དུ་ཐོལ་བྱུང་དུ་ཁ་ནས་ཤོར་སོང་ངོ་།།

This website uses cookies to collect anonymous usage statistics and enhance the user experience.
Decline
Accept