Wisdom Nexus—Tibetan

Practices › Guru Sādhana | བོད་ཀྱི་བླ་མ།བླ་ཆུང་ཨ་ཕོ།

English | བོད་ཡིག

བླ་ཆུང་ཨ་ཕོ།

Samantabhadra

Further information:
Download this text:

༄༅། །བླ་སྒྲུབ་ཡེ་ཤེས་དྲྭ་བ་བཞུགས།

 

ཨཱཿ

ངོ་བོ་ཀ་དག་ཆོས་ཀྱི་སྐུ། །

རང་བཞིན་ལྷུན་གྲུབ་ལོངས་སྤྱོད་རྫོགས། །

ཐུགས་རྗེ་རང་ཤར་སྤྲུལ་པའི་སྐུ། །

སྐུ་གསུམ་ཡེ་རྫོགས་རང་རིག་འདི། །

རང་བྱུང་དོན་གྱི་པདྨ་འབྱུང་། །

གདོད་ནས་རང་དང་འདུ་བྲལ་མེད། །

སྣང་གྲགས་ཆོས་ཉིད་ཡེ་ཤེས་རྩལ། །

འཁོར་འདས་མཚན་མ་རང་སར་གྲོལ། །

འོད་གསལ་རང་བྱུང་གཉུག་མའི་གཤིས། །

སྤངས་ལེན་བྱ་རྩོལ་བྲལ་བའི་སྦུབས། །

མ་བཙལ་ཡེ་རྫོགས་འགྲོ་དོན་གྲུབ། །

རང་བྱུང་རིག་པ་ཨེ་མ་ཧོ། །

ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ།

 

ཞེས་པའང་ལྕགས་གླང་ས་གས་ཉ་བའི་ཡར་ཚེས་ ༡༠ ལ་ཤེས་རབ་རྒྱ་མཚོས་ཐོལ་བྱུང་དུ་བྲིས་པའི་རིས་མོའོ།།

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept