The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Brief Offering Prayer to Gesar—Tibetan

English | བོད་ཡིག

༄༅། །གེ་སར་གསོལ་བསྡུས་བཞུགས།

 

ཀྱེ། འདོད་དོན་ཀུན་འགྲུབ་དགྲ་ལྷ་མཐུ་བོ་ཆེ། །

རིགས་གསུམ་པདྨའི་སྒྱུ་འཕྲུལ་སེང་ཆེན་རྒྱལ། །

ནོར་བུ་དགྲ་འདུལ་བཀའ་སྡོད་ཕོ་ཉར་བཅས། །

གསོལ་ལོ་མཆོད་དོ་བསམ་དོན་ཀུན་འགྲུབ་མཛོད། །

 

སྒྲུབ་བརྩོན་རྣལ་འབྱོར་གྱི་དབང་ཕྱུག་བིདྱ་དྷཱ་རཱི་གསུང་བསྐུལ་བཞིན་སྒྲུབ་ཁང་བདུད་ལས་རྣམ་རྒྱལ་གླིང་དུ་འཇམ་དཔལ་རྡོ་རྗེས་རྒྱལ་ཟླའི་ཚེས་བདུན་དགེ་བར་བྲིས་པ་འདིས་སྒྲུབ་བརྒྱུད་ཀྱི་བསྟན་པ་རིན་པོ་ཆེ་ཕྱོགས་ཀུན་ལས་རྒྱལ་བར་གྱུར་ཅིག། །།

 

མི་ཕམ་རིན་པོ་ཆེ།

Gesar Series

Further information:

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept