Instruction on Three Crucial Statements—Tibetan

Schools & Systems › Dzogchen | Schools & Systems › DzogchenStriking the Vital Point in Three Statements | བོད་ཀྱི་བླ་མ།མི་ཕམ་རིན་པོ་ཆེ།

English | 中文 | བོད་ཡིག

མི་ཕམ་རིན་པོ་ཆེ།

Ju Mipham Namgyal Gyatso

Further information:
Download this text:

༄༅། །ཚིག་གསུམ་གནད་ཀྱི་མན་ངག་བཞུགས།

ན་མོ་མཉྫཤྲཱི་ཡེ། །
ཐ་མལ་ཤེས་པ་རྒྱ་ཡན་མ། །
ཚིག་གིས་མི་མཚོན་རང་གིས་རིག །
བཟོ་བཅོས་འཛིན་ཞེན་རང་ལོག་ན། །
སེམས་ཀྱི་ངོ་བོ་རིག་ཅེས་བྱ། །

རྣམ་རྟོག་འཇུར་བུས་མ་བཅིངས་པར། །
གཉུག་མའི་ངང་ཚུགས་མ་ཤོར་བཞིན། །
བྱ་རྩོལ་ཆེད་འཛིན་མེད་པ་ན། །
སྒོམ་པ་སྐྱོང་ཞེས་དེ་ལ་བྱ། །

ནམ་མཁའི་ངང་ནས་སྤྲིན་བཞིན་དུ། །
སྣ་ཚོགས་རྣམ་རྟོག་རྦ་རླབས་ཀུན། །
ཕན་གནོད་མེད་པར་བློ་བདེ་ན། །
རང་སར་གྲོལ་ཞེས་དེ་ལ་བྱ། །

ཚིག་གསུམ་གནད་ཀྱི་མན་ངག་འདི། །
ནང་གི་མྱོང་བ་ཅན་གྱིས་རྟོགས། །
ཁ་འབྱམས་རྟོག་གིས་ཕྱོགས་མི་ཤེས། །

མི་ཕམ་རྣམ་པར་རྒྱལ་བས་བྲིས། །
མེ་སྤྲེལ་ཟླ་༢བའི་ཚེས༡༩་ཐམ་ལའོ།།

This website uses cookies to collect anonymous usage statistics and enhance the user experience.
Decline
Accept