བོད་བརྒྱུད་ནང་བསྟན་གསུང་རབ་སྒྲ་བསྒྱུར་ཁང་།
ISSN 2753-4812
ISSN 2753-4812

རྡོ་བླ་སྤྲུལ་སྐུ་ཚང་ལ་བླ་མ་རོག་གྲ་མ་དཔལ་དགེའི་མདུན་ནས་རྩ་རླུང་ཞུ་བསྐུལ་རྩེད་མོའི་ཚུལ་དུ་ཞུ་གསུངས་པ།

English | བོད་ཡིག

༄༅། །རྡོ་བླ་སྤྲུལ་སྐུ་ཚང་ལ་བླ་མ་རོག་གྲ་མ་དཔལ་དགེའི་མདུན་ནས་རྩ་རླུང་ཞུ་བསྐུལ་རྩེད་མོའི་ཚུལ་དུ་ཞུ་གསུངས་པ།

བླ་སྤྲུལ་དཔོན་བཅས་ཞབས་དྲུང་དུ། །
སྡེ་མཐའི་རྒན་མོས་རུ་ཆུས་བཞིན། །
བས་མཐའི་རྒན་པོས་གུས་ཞུ་བ། །
ཀློང་ཆེན་སྙིང་ཐིག་རྩ་རླུང་འདི། །
དར་དུས་ཧ་ཅང་དར་ཆེ་སྟེ། །
རས་པ་ཁྲ་རས་ས་སྟེང་ཁྱབ། །
ད་ནི་ཧ་ཅང་དཀོན་ཆེ་སྟེ། །
བླ་རྒན་དཔལ་དགེ་མ་གཏོགས་པ། །
བརྒྱུད་འཛིན་གཅིག་ཀྱང་བོད་ན་མེད། །
ད་ནི་རྒྱུད་པ་ཆད་ལ་ཐུགས། །
ཨི་ཐུག་མི་ཐུག་ཐུགས་བསམ་གཞིག །
རྡོ་གསེར་དགོན་པ་ཐམས་ཅད་ན། །
ཆོས་ཐུན་གསུམ་པོ་ཆག་པ་མེད། །
ཨུ་བུ་ཚང་ལ་གཅིག་ལས་མེད། །
ད་ནི་གྲྭ་བ་ཐམས་ཅད་པོ། །
རྩ་རླུང་རྫོགས་ཆེན་ཞུ་ཕྱིར་དུ། །
དཔལ་སྤྲུལ་ཡུལ་ལ་འཆོར་རེས་རེད། །
མ་ཤོར་གསུམ་ལ་རྡོག་པ་གཏོད། །
བསྟན་པ་རྒྱས་པའི་བཀྲ་ཤིས་ཤོག །

དཔལ་སྤྲུལ་རིན་པོ་ཆེ།

རོག་བཟའ་བསོད་ནམས་དཔལ་དགེ།

གནས་ཚུལ་འཕར་མ།

ཕབ་ལེན།

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept