Shower of Blessings—Tibetan

Practices › Prayers | བོད་ཀྱི་བླ་མ།རྟོགས་ལྡན་ཤཱཀྱ་ཤྲཱི།

English | བོད་ཡིག

རྟོགས་ལྡན་ཤཱཀྱ་ཤྲཱི།

Tokden Shakya Shri

Further information:
Download this text:

༄༅། །གསོལ་འདེབས་བྱིན་རླབས་ཆར་འབེབས་ཞེས་བྱ་བ་བཞུགས་སོ། །

 

ཨཿབླ་མ་མཁྱེན་ནོ། །

བླ་མ་མཁྱེན་ནོ། །

བླ་མ་མཁྱེན་ནོ། །

སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ། །

བཀའ་དྲིན་འཁོར་མེད་ཀྱི་བླ་མ། །

དྲིན་ཆེན་རྩ་བའི་བླ་མ་དེ་མཁྱེན་ནོ། །

བླ་མ་མཁྱེན་ནོ། །

བློ་འདས་རྫོགས་ཆེན་གྱི་ལྟ་བ། །

དབྱིངས་རིག་ཅིག་ཅར་དུ་འདྲེས་པས། །

སྒོམ་མེད་བྱ་རྩོལ་བྲལ་བའི། །

དྲིན་ཆེན་རྩ་བླ་མ། །

རྫོགས་ཆེན་ནམ་མཁའི་རྣལ་འབྱོར། །

ཤཱཀྱ་ཤྲཱི་མཁྱེན་ནོ། །

གསོལ་བ་སྙིང་ནས་འདེབས་སོ། །

ཡེ་ཤེས་སྤྱན་གྱིས་གཟིགས་མཛོད། །

སློབ་འབངས་བདག་གི་རྒྱུད་ལ། །

རྩོལ་མེད་རྫོགས་པ་ཆེན་པོའི། །

ཡེ་ཤེས་མངོན་དུ་གྱུར་ནས། །

མཁའ་ཁྱབ་འགྲོ་བ་ཀུན་ལ། །

ཕྱོགས་མེད་འགྲོ་དོན་ནུས་པར། །

ཐུགས་རྗེའི་སྤྱན་གྱིས་གཟིགས་མཛོད། །

 

འཇོ་རི་བྱང་སྤྲུལ་གྱིས་ཡང་ཡང་བསྐུལ་ངོར། རྫོགས་ཆེན་པ་ཤཱཀྱ་ཤྲཱིས་བྲིས་པ་དགེ། །

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept