བོད་བརྒྱུད་ནང་བསྟན་གསུང་རབ་སྒྲ་བསྒྱུར་ཁང་།
ISSN 2753-4812
ISSN 2753-4812

སྦས་ཡུལ་ཡོལ་མོ་གངས་རིའི་གནས་སྲུང་གསོལ་མཆོད།

English | བོད་ཡིག

༄༅། །སྦས་ཡུལ་ཡོལ་མོ་གངས་རིའི་གནས་སྲུང་གསོལ་མཆོད།

 

ཧཱུྃ། དུས་གསུམ་ཀུན་མཁྱེན་འཆི་མེད་ཐོད་ཕྲེང་རྩལ། །

མ་རུངས་གདུག་པ་འདུལ་བར་གྲོ་བོ་ལོད། །

གང་གིས་བཀའ་དང་དམ་ལ་གཉེར་བཞག་པའི། །

སྦས་ཡུལ་གནས་སྲུང་ཞིང་སྐྱོང་དབང་མོ་ཆེ། །

བཛྲ་སཱ་དྷུ་ཆ་ཏི་ལྷ་བཙན་དང་། །

དགེ་བསྙེན་གླེ་རུ་ཇོ་མོ་གཡང་རི་སོགས། །

ལྷ་ཀླུ་གཞི་བདག་མ་ལུས་ཉེར་དགོངས་ལ། །

དམ་ལྡན་སྔགས་འཆང་བདག་ལ་དགྱེས་པའི་གྲོགས། །

བགྱིད་ཅིང་མི་མཐུན་གནོད་པའི་རྐྱེན་རྣམས་སྲུངས། །

འགལ་བའི་ཉེས་པ་བཟོད་གསོལ་བར་ཆད་སོལ། །

ཡུལ་ཁམས་བདེ་ཞིང་ཟབ་མོའི་ཆོས་འཕེལ་བ། །

ཇི་ལྟར་སྨོན་པའི་བཀྲ་ཤིས་སྩལ་དུ་གསོལ། །

 

ཞྭ་དམར་པ་དྲུག་པ་ཆོས་ཀྱི་དབང་ཕྱུག་གིས་མཛད་པའོ།། །།

 

ཞྭ་དམར་ཆོས་ཀྱི་དབང་ཕྱུག

Jomo Yangri

གནས་ཚུལ་འཕར་མ།

ཕབ་ལེན།

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept