ཞལ་གདམས།
༄༅། །ཞལ་གདམས།
༈ བསམ་རྒྱུ་དྲན་རྒྱུ་མང་ན་མི་དགེའི་རྒྱུ། །
གང་བྱུང་དེས་ཆོག་བྱུང་ན་བློ་བདེའི་གཞི། །
༈ ཨཱཿ ཐ་མལ་ཤེས་པ་བཟོ་བཅོས་བྲལ་བ་འདི། །
ཡེངས་མེད་འཛིན་མེད་ཆོས་ཉིད་མཉམ་པ་ཉིད། །
དམིགས་གཏད་མཚན་མ་རྡུལ་ཙམ་མི་དམིགས་པ། །
དུས་གསུམ་རྒྱལ་བ་ཀུན་གྱི་དགོངས་པ་ཡིན། །
ཞེས་ཞེ་ཆེན་ཀོང་སྤྲུལ་པས་སོ། །
