Fifth Dodrupchen Rinpoche Swift Rebirth Prayer—Tibetan
༄༅། །མྱུར་བྱོན་གསོལ་འདེབས།
རྩ་བརྒྱུད་བླ་མ་རྣམས་ཀྱི་ཐུགས་རྗེ་དང་། །
ཡི་དམ་ཆོས་སྐྱོང་རྣམས་ཀྱི་བདེན་མཐུ་སོགས། །
མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ནུས་མཐུ་ཡིས། །
སྙིང་ཐིག་བསྟན་སྒྲོན་ནུབ་ལ་ཐུག་པའི་སྐབས། །
སློབ་འབངས་རྣམས་ཀྱིས་མྱ་ངན་བྱེད་པའི་དུས། །
གངས་ལྗོངས་བསྟན་པའི་གཙུག་རྒྱན་ཀློང་ཆེན་པའི། །
མཚུངས་མེད་མཆོག་གི་སྤྲུལ་སྐུ་འཁྲུལ་མེད་ཅིག །
སླར་ཡང་ཤར་རིའི་རྩེ་ནས་ཞལ་མཇལ་ཏེ། །
བསྟན་པའི་ཞབས་ཏོག་མཐའ་རུ་ཕྱིན་པར་ཤོག །
ཅེས་བོད་རབ་གནས་ཤིང་སྦྲུལ་ཟླ་༦ ཚེས་༡༠ སྔ་དྲོར་ ༧ སྐྱབས་རྗེ་མཚུངས་མེད་རྡོ་གྲུབ་ཆེན་ཐུབ་བསྟན་ཀློང་ཡངས་རིག་འཛིན་རྒྱ་མཚོ་རིན་པོ་ཆེ་ མཆོག་གི་གཟུགས་སྐུའི་བཀོད་པ་ཞི་དབྱིངས་སུ་གཤེགས་ནས་ཞག་བཞི་སོང་རྗེས་ཐུགས་དམ་བཀྲོལ་སྐབས་པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན་ ནས་བོད་རྩིས་ཚེས་བཅུ་བཞི་ཉིན་གྱི་སྔ་དྲོ། ཕྱི་ལོ་༢༠༢༥ ལོའི་ཟླ་༨ ཚེས་ ༨ལ་རྒྱ་ནག་སྤོས་ལྡན་ནས་གསོལ་བ་བཏབ་པ་དགེའོ། །