Quotations from Ornament of Realization—Tibetan
		Quotations
		Five Treatises of Maitreya
		Abhisamayālaṃkāra
		Maitreya
		འཕགས་ཡུལ་གྱི་སྐྱེས་བུ་དམ་པ།
		ཐོགས་མེད།
༄༅། །མངོན་རྟོགས་རྒྱན་ལས་གསུང་བཏུས།
ཉན་ཐོས་ཞི་བ་ཚོལ་རྣམས་ཀུན་ཤེས་ཉིད་ཀྱིས་ཉེར་ཞིར་འཁྲིད་མཛད་གང་ཡིན་དང་། །
འགྲོ་ལ་ཕན་པར་བྱེད་རྣམས་ལམ་ཤེས་ཉིད་ཀྱིས་འཇིག་རྟེན་དོན་སྒྲུབ་མཛད་པ་གང་། །
གང་དང་ཡང་དག་ལྡན་པས་ཐུབ་རྣམས་རྣམ་པ་ཀུན་ལྡན་སྣ་ཚོགས་འདི་གསུངས་པ། །
ཉན་ཐོས་བྱང་ཆུབ་སེམས་དཔའི་ཚོགས་བཅས་སངས་རྒྱས་ཀྱི་ནི་ཡུམ་དེ་ལ་ཕྱག་འཚལ། ། 
སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །
ཡང་དག་རྫོགས་པའི་བྱང་ཆུབ་འདོད། ། 
འདི་ལས་བསལ་བྱ་ཅི་ཡང་མེད། །
གཞག་པར་བྱ་བ་ཅུང་ཟད་མེད། །
ཡང་དག་ཉིད་ལ་ཡང་དག་ལྟ། །
ཡང་དག་མཐོང་ན་རྣམ་པར་གྲོལ། ། 
