Bhāvanākrama Two Quotations—Tibetan
༄༅། །བསྒོམ་པའི་རིམ་པ་ལས་གསུང་བཏུས།
དེའི་ལུས་དང་སེམས་གང་གི་ཚེ་ཤིན་ཏུ་སྦྱངས་པར་གྱུར་པ་དང་། ཇི་ལྟར་འདོད་པ་བཞིན་དུ་དམིགས་པ་སེམས་དབང་དུ་གྱུར་པ་དེའི་ཚེ་ཞི་གནས་གྲུབ་པ་ཡིན་པར་རིག་པར་བྱའོ།།
ཞི་གནས་དེ་ཉིད་ལ་དམིགས་པའི་ཚེ། དེ་ཁོ་ན་ལ་རྣམ་པར་དཔྱོད་པ་དེ་ནི། ལྷག་མཐོང་ཡིན་ཏེ།
ལྷག་མཐོང་གི་ཚོགས་གང་ཞེ་ན། སྐྱེས་བུ་དམ་པ་ལ་བསྟེན་པ་དང་། མང་དུ་ཐོས་པ་ཡོངས་སུ་བཙལ་བ་དང་། ཚུལ་བཞིན་དུ་སེམས་པའོ།།