བོད་བརྒྱུད་ནང་བསྟན་གསུང་རབ་སྒྲ་བསྒྱུར་ཁང་།
ISSN 2753-4812
ISSN 2753-4812

རླུང་སྦྱོར་བ་བཞི་ལྡན།

English | བོད་ཡིག

༄༅། །རླུང་སྦྱོར་བ་བཞི་ལྡན་ནི།

ལྕགས་ཀྱུ་བཞིན་དུ་འགུག་པ། བུམ་པ་བཞིན་དུ་གཞིལ་བ།༼དགང་བ།༽འཐེབ་རྣོན་༼གནོན་༽གྱི་རྒྱ་མདུད་བཞིན་དུ་བསྡམས་པ།༼བསྡམ་པའམ་གཞིལ།༽མདའ་ལྟར་འཕེན་པ་དང་བཞི། སྔར་ལྟར་༼སྤྱན་སྔ་ལྷ་༽གཟིགས་པས། དགུག་དང་དགང་དང་གཞིལ་བ་དང་། །མདའ་ལྟར་འཕང་དང་རྣམ་པ་བཞི། །ལུས་གནད་ཆོས་བདུན། ལག་པ་གཉིས་ཁུ་ཚུར་ཁ་སྦུབས་པུས་སྟེང་དུ་བཞག ངག་གནད་རླུང་དལ་ལ་རིང་པ་གསུམ། ༼ནད་གདོན་སྡིག་སྒྲིབ༴ རླུང་རོ་བསལ༽ དེ་ནས་རླུང་བར་གྱིས་རྔུབ་ལ་ལྟེ་འོག་ཏུ་མནན། ཡང་འོག་རླུང་ཧ་ཅང་དྲག་པོ་མ་ཡིན་པར་ཅུང་ཟད་སྟེགས་ཙམ་བྱས་ཏེ་ལྟེ་བ་བུམ་ཅན་ཁ་སྦྱོར་འཇམ་པོར་བཟུང་། མི་ཐུབ་ན་རླུང་རྔུབ་ཆུང་བྱས་ཏེ་གཞིལ། དེས་ཀྱང་མ་ཐུབ་ན་དལ་བུས་ཕྲ་ལ་རིང་བའི་ཤུགས་ཀྱི་ཕྱིར་སང་ངེ་འཕང་ལ་ཡང་རྔུབ་ནས་སྔར་ལྟར་བུམ་ཅན་གཞིལ། དེ་ལྟ་བུ་བཞི་ཚན་རེ་ཙམ་གྱིས་ཐོག་ནས་རླུང་ངལ་གསོ། དེ་ཡང་ཐོག་མར་མ་གོམས་བར་དུ་རླུང་ཧ་ཅང་རིང་བ་མིན་པར་འཇམ་ཞིང་རན་པར་བཟུང་། མི་ཐུབ་ན་གཡས་གཡོན་དབུས་གསུམ་ནས་མཐེན་བསྣོལ་བྱས་ཏེ་གཞིལ། དེས་ཀྱང་མ་ཐུབ་ན་ཕྲ་ལ་རིང་བའི་ཚུལ་གྱིས་ཕྱིར་བསལ། སླར་རྔུབ་པ་སོགས་ཀྱིས་རླུང་འཛིན་རྩལ་དྲག་པོ་བྱས་པས་རླུང་ཡུན་རིང་བཀག་ཀྱང་མི་བདེ་བ་ཆེར་མི་འབྱུང་ན། དེའི་ཚེ་བུམ་ཅན་འབྱོངས་པའི་རྟགས་ཡིན།ཞེས་པ་འདི་ཨ་འཛོམས་འབྲུག་པ་ཐུབ་བསྟན་པདྨ་འཕྲིན་ལས་དཔལ་བཟང་པོའི་ཞལ་གསུངས་སོ།།

ཨ་འཛོམ་འབྲུག་སྤྲུལ་ཐུབ་བསྟན་པདྨ་འཕྲིན་ལས།

ཨ་འཛོམ་འབྲུག་སྤྲུལ་ཐུབ་བསྟན་པདྨ་འཕྲིན་ལས།

གནས་ཚུལ་འཕར་མ།

ཕབ་ལེན།

EPUB  PDF 

གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ལ་བཞུགས་མྱོང་མེད་པའི་གང་ཟག་རྣམས་ཀྱིས་ངག་འདོན་དང་ཉམས་ལེན་བྱེད་མི་ཆོག་པའི་ཆོས་ཚན་ཁག་ཅིག་ཡོད།

གལ་ཏེ་ཁྱེད་རང་གིས་ཟབ་ཆོས་འདི་དག་ཉམས་ལེན་བྱེད་ཆོག་མིན་ལ་ཐེ་ཚོམ་ཡོད་ཚེ་ངེས་པར་དུ་བརྒྱུད་པ་དེ་ལྡན་གྱི་མཚན་ལྡན་བླ་མའི་དྲུང་ནས་དབང་ལུང་ཁྲིད་གསུམ་ཐོབ་པ་བྱེད་དགོས།

OK
This website uses cookies to collect anonymous usage statistics and enhance the user experience.
Decline
Accept