Beginners’ Obstacles to Meditation—Tibetan

Literary Genres › Advice | Practices › Meditation | བོད་ཀྱི་བླ་མ།ཨ་འཛོམས་རྒྱལ་སྲས་འགྱུར་མེད་རྡོ་རྗེ།

English | Español | བོད་ཡིག

ཨ་འཛོམས་རྒྱལ་སྲས་འགྱུར་མེད་རྡོ་རྗེ།

ཨ་འཛོམས་རྒྱལ་སྲས་འགྱུར་མེད་རྡོ་རྗེ།

Further information:
Download this text:

༄༅། །ལས་དང་པོ་པའི་བསྒོམ་གྱི་གེགས་སེལ་བཞུགས།

ལས་དང་པོ་པས་བསྒོམ་པ་བྱེད་པའི་ཚེ་བར་ཆད་གསུམ་འབྱུང་སྟེ། དང་པོ་ཆགས་སྡང་སོགས་ཀྱི་རྣམ་རྟོག་དྲུག་པོ་སྐྱེ། དེ་དུས་བླ་མ་ལ་གསོལ་འདེབས་དང་ཆགས་ཡུལ་སོགས་བླ་མར་བསྒོམས་པས་བར་ཆད་ལས་ཐར་བར་འོང་། བར་དུ་ལྷ་འདྲེ་སོགས་ཀྱི་རྣལ་འབྱོར་པའི་ལུས་ལ་ན་ཚ་ཟུག་སོགས་བཏང་འོང་། དེ་དུས་བླ་མ་དཀོན་མཆོག་ལ་གསོལ་འདེབས་སོགས་ཀྱིས་རྐྱེན་ངན་དང་དུ་བླངས་པས་དེ་ལས་ཐར་རོ། །ཐ་མར་རྣལ་འབྱོར་པ་ལ་དྲག་ཞན་ཐམས་ཅད་ཀྱིས་གུས་འདུད་རྙེད་བཀུར་སོགས་བྱེད་འོང་། དེ་དུས་བར་ཆད་ཡིན་པར་ངོ་མ་ཤེས་ན་ཆོས་ལམ་དུ་མི་འགྲོ་བས་འདི་བར་ཆད་དུ་ངོ་ཤེས་པ་ཤིན་ཏུ་གནད་ཆེ། བར་ཆད་གསུམ་པོ་དེ་ལས་ཐར་ན། དེ་ནས་ཆོས་པ་ལམ་ལོག་ཏུ་འགྲོ་བ་མེད་གསུངས། འདི་ནི་གལ་ཆེ་བའི་ཞལ་གདམས་སོ།། །།

This website uses cookies to collect anonymous usage statistics and enhance the user experience.
Decline
Accept