The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Fifth Dodrupchen Rinpoche Swift Rebirth Prayer—Tibetan

English | 中文 | བོད་ཡིག

༄༅། །མྱུར་བྱོན་གསོལ་འདེབས།

 

ན་མོ་གུ་རུ་བྷྱ།

ཡོན་ཏན་རྒྱ་མཚོའི་འབྱུང་གནས་བླ་མ་དང་། །

དཀོན་མཆོག་རྣམ་གསུམ་བྱང་སེམས་དགྲ་བཅོམ་ཚོགས། །

གསོལ་བ་འདེབས་སོ་བྱིན་རླབས་སྣང་བ་བརྒྱས། །

དམ་པའི་ཡང་སྤྲུལ་པདྨོ་མངོན་བཞད་གསོལ། །

 

ཐུབ༵་དབང་བསྟ༵ན་བསྐྱངས་ཀློང༵་ཡང༵ས་རིག༵་པའི་གཤིས། །

རྣམ་པར་གསལ་བྱེད་ཨ་ཏི་ཡོ་ག་ཡི། །

ཡང་གསང་གདམས་པའི་དཔལ་འཛི༵ན་རིན་པོ་ཆེ། །

གདུལ་བྱ་རྒྱ༵་མཚོ༵འི་མགོན་པོ་སླར་བྱོན་གསོལ། །

 

ཐུབ༵་བསྟ༵ན་སྤྱི་དང་ཀློང༵་ཆེན་ཡང༵ས་པའི་མཁར། །

ལྷུན་གྲུབ་རིག༵་པ་འཛིན༵་མེད་རོལ་བའི་སྤྲིན། །

མན་ངག་རྒྱ༵་མཚོ༵་ཐོས་བསམ་སྒོམ་དབང་བའི། །

མཁས་ཤིང་གྲུབ་པའི་ཡང་སྤྲུལ་མྱུར་བྱོན་གསོལ། །

 

རྣམ་དག་བློ་དང་དམ་ཚིག་གཙང་མའི་སྟོབས། །

རྩ་གསུམ་རིག་འཛིན་སྲུང་མའི་བྱིན་རླབས་མཐུ། །

ཆོས་ཅན་ཆོས་ཉིད་རྟེན་འབྱུང་འགགས་མེད་ཀྱིས། །

ཇི་ལྟར་སྨོན་པའི་དོན་བཞིན་འགྲུབ་གྱུར་ཅིག །

 

ཅེས་གྲུབ་པའི་དབང་ཕྱུག་རྡོ་གྲུབ་ཆེན་རིན་པོ་ཆེའི་ཡང་སྤྲུལ་ཐུབ་བསྟན་ཀློང་ཡངས་རིག་འཛིན་རྒྱ་མཚོ་མཆོག་གི་ཡང་སྤྲུལ་མྱུར་བྱོན་གསོལ་འདེབས་འདི་ཉིད་རྡོ་གྲུབ་ཆེན་དགོན་པའི་བླ་སྤྲུལ་མཁན་དགེ་རྣམས་ཀྱིས་གཙོའི་འདུས་པ་ཡོངས་ཀྱི་རེ་བ་ལྟར་ཤར་མི་ཉག་གི་འབྲོག་རྒན་འཁྱམ་པོ་བ་ཐུབ་བསྟན་ཉི་མས་སྤྱི་ལོ་ ༢༠༢༥ ་ལོའི་བོད་ཟླ་དྲུག་པའི་ཡར་ཚེས་བཅོ་ལྔ་ལ་གསོལ་བ་བཏབ་པ་དེ་བཞིན་འགྲུབ་པར་གྱུར་ཅིག །སརྦ་མངྒ་ལཾ།།

 

ཨ་ལགས་གཟན་དཀར་རིན་པོ་ཆེ།

རྡོ་གྲུབ་ཆེན་འཇིགས་མེད་ཀློང་ཡངས།

Further information:

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept