Swift Rebirth of Tenpai Nyima Rinpoche—Tibetan

Practices › Swift Rebirth Prayers | བོད་ཀྱི་བླ་མ།ཨ་ལགས་གཟན་དཀར་རིན་པོ་ཆེ། | བོད་ཀྱི་བླ་མ།བསྟན་པའི་ཉི་མ་རིན་པོ་ཆེ།

English | བོད་ཡིག

ཨ་ལགས་གཟན་དཀར་རིན་པོ་ཆེ།

བསྟན་པའི་ཉི་མ་རིན་པོ་ཆེ།

Further information:
Download this text:

༄༅། །མྱུར་འབྱོན་གསོལ་འདེབས་བཞུགས་སོ།།

 

ཨོཾ་སྭསྟི།

ཐུབ་དབང་དགྲ་བཅོམ་ཡི་དམ་མཁའ་འགྲོའི་ཚོགས། །

བརྒྱུད་གསུམ་རིག་འཛིན་བླ་མའི་བྱིན་རླབས་ཀྱིས། །

བསྟན་འཛིན་དམ་པའི་ཡང་སྲིད་ཉིན་མོར་བྱེད། །

འགྲོ་ཁམས་གླིང་བཞིའི་མཁའ་ལ་སླར་འཆར་གསོལ། །

 

སྔ་འགྱུར་བསྟ༵ན་པ་བཀའ་གཏེར་འཁོར་ལོ་ཆེ། །

འཛིན་པ༵འི་གྲགས་པ་ཕྱོགས་སུ་གཡོ་བའི་དཔལ། །

མོས་ལྡན་ཐོས་འཛིན་པདྨོ་དགྱེས་སྟེར་བའི། །

སྤྲུལ་པའི་ཉི༵་མ༵་སྲིད་འདིར་སླར་འབྱོན་གསོལ། །

 

མོས་པའི་བུ་ལ་བརྩེ་བའི་བྱིན་རླབས་དང་། །

གདུང་བའི་འགྲོ་ལ་སྐྱོབ་པའི་རོལ་གར་གྱི། །

རྟེན་འབྱུང་ལེགས་པོས་བསྟ༵ན་པ༵འི་ཉི༵་མ༵་ཡི། །

ཡང་སྲིད་མྱུར་བྱོན་སྐལ་བཟང་བཞད་གྱུར་ཅིག །

 

ཅེས་པ་འདི་ནི་ཞི་བར་གཤེགས་པ་གང་གི་སྐུའི་དབོན་དུ་གྱུར་ཅིང་དུང་རི་དགོན་པའི་སྤྲུལ་སྐུ་ཐུབ་བསྟན་འཕྲིན་ལས་ཀྱིས་བསྐུལ་ངོར་གཟན་དཀར་སྐྱེ་མིང་འཛིན་པ་ཐུབ་བསྟན་ཉི་མར་འབོད་པས་སྤྱི་ལོ་ ༢༠༡༨ ཟླ་བ་ ༦ པའི་ཚེས་ ༡༥ ལ་ཧྲིན་ཀྲིན་ལས་བྲིས་ཏེ་ཕུལ་བ་དགེ་ལེགས་འཕེལ། སརྦ་མངྒ་ལཾ།

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept