Thirty-Seven Point Maṇḍala Offering—Tibetan

Practices › Maṇḍala Offering | བོད་ཀྱི་བླ་མ།ཆོས་རྒྱལ་འཕགས་པ་བློ་གྲོས་རྒྱལ་མཚན།

English | Français | བོད་ཡིག

ཆོས་རྒྱལ་འཕགས་པ་བློ་གྲོས་རྒྱལ་མཚན།

Mount Sumeru

༄༅། །མཎྜལ་སོ་བདུན་མ་བཞུགས་སོ། །

 

ཨོཾ་བཛྲ་བྷུ་མི་ཨཱཿཧཱུྃ།

གཞི་ཡོངས་སུ་དག་པ་དབང་ཆེན་གསེར་གྱི་ས་གཞི།

ཨོཾ་བཛྲ་རེ་ཁེ་ཨཱཿཧཱུྃ།

ཕྱི་ལྕགས་རི་ཁོར་ཡུག་གིས་བསྐོར་བའི་དབུས་སུ་ཧཱུྃ།

རིའི་རྒྱལ་པོ་རི་རབ།

ཤར་ལུས་འཕགས་པོ། ལྷོ་འཛམ་བུ་གླིང༌།

ནུབ་བ་ལང་སྤྱོད། བྱང་སྒྲ་མི་སྙན།

ལུས་དང་ལུས་འཕགས། རྔ་ཡབ་དང་རྔ་ཡབ་གཞན།

གཡོ་ལྡན་དང་ལམ་མཆོག་འགྲོ།

སྒྲ་མི་སྙན་དང་སྒྲ་མི་སྙན་གྱི་ཟླ།

རིན་པོ་ཆེའི་རི་བོ། དཔག་བསམ་གྱི་ཤིང༌།

འདོད་འཇོའི་བ། མ་རྨོས་པའི་ལོ་ཏོག

འཁོར་ལོ་རིན་པོ་ཆེ། ནོར་བུ་རིན་པོ་ཆེ།

བཙུན་མོ་རིན་པོ་ཆེ། བློན་པོ་རིན་པོ་ཆེ།

གླང་པོ་རིན་པོ་ཆེ། རྟ་མཆོག་རིན་པོ་ཆེ།

དམག་དཔོན་རིན་པོ་ཆེ། གཏེར་ཆེན་པོའི་བུམ་པ།

སྒེག་པ་མ། ཕྲེང་བ་མ།

གླུ་མ། གར་མ།

མེ་ཏོག་མ། བདུག་སྤོས་མ།

སྣང་གསལ་མ། དྲི་ཆབ་མ།

ཉི་མ། ཟླ་བ། རིན་པོ་ཆེའི་གདུགས།

ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན།

ལྷ་དང་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ་

འདི་ཉིད་

ཡོན་དུ་འབུལ་བར་བགྱིའོ། །

ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ།

བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ།

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept