Long-Life Prayer for Jetsün Kushok Chimey Luding—Tibetan

Practices › Long-Life Prayers | བོད་ཀྱི་བླ་མ།སྡེ་གཞུང་རིན་པོ་ཆེ། | བོད་ཀྱི་བླ་མ།རྗེ་བཙུན་འཆི་མེད་ཀླུ་སྡིངས།

English | བོད་ཡིག

སྡེ་གཞུང་རིན་པོ་ཆེ།

རྗེ་བཙུན་འཆི་མེད་ཀླུ་སྡིངས།

༄༅། །ཞབས་བརྟན་སྨོན་ཚིག་འཆི་མེད་དཔལ་སྟེར་ཞེས་བྱ་བ་བཞུགས་སོ༎

 

ཨོཾ་སྭསྟི༎

འཆི་མེད་ཚེ་ལྷ་རྒྱ་མཚོའི་བྱིན་བརླབས་ཀྱིས། །

འོད་གསལ་ལྷ་རིགས་བདེ་ཆེན་དཔལ་སྟེར་བ། །

རིག་འཛིན་སྔགས་ཀྱི་འཕྲིན་ལས་རབ་འབྱམས་ལ། །

དབང་འབྱོར་ཌཱ་ཀཱིའི་གཙོ་མོ་འཚོ་བཞེས་གསོལ། །

 

འཆི་མེད་གྲུབ་པ་ཡོངས་ཀྱི་འཁོར་ལོ་བསྒྱུར། །

བསྟན་པའི་ཉི་མ་རྗེ་བཙུན་ས་སྐྱ་པའི། །

རིགས་དང་ཆོས་ལས་འཁྲུངས་པའི་བསྟན་འགྲོའི་མགོན། །

དོན་གཉིས་མཛད་ཕྲིན་རྟག་ཏུ་རྒྱས་པར་ཤོག །

 

འཆི་མེད་ཐར་པའི་ལམ་ལ་རབ་ཞུགས་ནས། །

རང་རྒྱུད་སྨིན་ཅིང་སྒྲོལ་བའི་སྐལ་བཟང་ཐོབ། །

ཆོས་ཉིད་བདེན་པའི་རང་ཞལ་མངོན་སུམ་རྟོགས། །

ཕན་བདེའི་བཀྲ་ཤིས་མི་ནུབ་རྟག་བརྟན་ཤོག །

 

ཅེས་པའང་དགེ་ཚུལ་ངག་དབང་རབ་རྒྱས་ཀྱིས་བསྐུལ་བའི་ངོར། སྡེ་གཞུང་ལུང་རིགས་སྤྲུལ་མིང་པ་ཀུན་དགའ་བསྟན་པའི་ཉི་མས་བྲིས་པ་དགེ་ལེགས་སུ་གྱུར་ཅིག། །།

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept