བོད་བརྒྱུད་ནང་བསྟན་གསུང་རབ་སྒྲ་བསྒྱུར་ཁང་།
ISSN 2753-4812
ISSN 2753-4812

འཇམ་དཔལ་བསྟོད་པ་བློ་གྲོས་དཔལ་བསྐྱེད།

English | Français | བོད་ཡིག

༄༅། །འཇམ་དཔལ་བསྟོད་པ་བློ་གྲོས་དཔལ་བསྐྱེད་བཞུགས།

མདུན་གྱི་ནམ་མཁར་སྤྲིན་དཀར་འཁྲིགས་པའི་དབུས། །འཇའ་ཚོན་ལྡིང་ཁང་འོད་ཟེར་འབར་བའི་དཀྱིལ། །པད་ཟླའི་གདན་ལ་རྒྱལ་ཀུན་མཁྱེན་རབ་གཟུགས། །ལི་ཁྲིའི་མདངས་འཛིན་མཚན་དཔེའི་ལང་ཚོ་ཅན། །ཕྱག་ན་རྨོངས་པའི་དྲྭ་བ་གཅོད་པའི་མཛོད། །མཐིང་སྔོན་ཡེ་ཤེས་མེ་འབར་རལ་གྲི་ཕྱར། །ཟབ་རྒྱས་ཆོས་ཀུན་ཐུགས་སུ་ཆུད་པའི་བརྡར། །ཨུཏྤལ་སྟེང་ན་གླེགས་བམ་མཚན་པས་བསྣམས། །རིན་ཆེན་རྒྱན་དང་དར་གྱི་ནབས་བཟའ་ཅན། །སྐྱིལ་མོ་ཀྲུང་བཅས་འཛུམ་བཞིན་བདག་ལ་གཟིགས། །བལྟ་བས་མི་ངོམས་ཡིད་འོང་གཞོན་ནུའི་སྐུ། །བསམ་གྱིས་མི་ཁྱབ་ཡེ་ཤེས་མཛོད་ཅན་བདག །བདག་ནི་སྔོན་གྱི་སྒྲིབ་པ་མཐུ་བཙན་པས། །ལྷག་པའི་ལྷ་མཆོག་ཁྱོད་ཀྱི་ཞལ་མ་མཐོང་། །སྲིད་པའི་བཙོན་རར་རྨོངས་པའི་སྒྲོག་གིས་བཅིང་། །ཡེ་ཤེས་ཐུགས་རྗེའི་ཕྱག་གིས་དྲངས་རེ་རན། །མཁྱེན་རབ་ཉི་མས་བདག་བློའི་མུན་པ་སོལ། །བསོད་ནམས་ཤུགས་ཀྱིས་འགྲོ་བའི་རྒུད་པ་གཏོར། །ཤེས་བྱ་ཀུན་ལའང་ཆགས་ཐོགས་མེད་པ་ཡི། །བློ་གྲོས་སྤོབས་པའི་སྣང་བ་བསྐྱེད་དུ་གསོལ། །ཟླ་གསལ་ནས་བྲིས།།

མདོ་ཟླ་གསལ་དབང་མོ།

འཇམ་དཔལ།

གནས་ཚུལ་འཕར་མ།

ཕབ་ལེན།

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept