བོད་བརྒྱུད་ནང་བསྟན་གསུང་རབ་སྒྲ་བསྒྱུར་ཁང་།
ISSN 2753-4812
ISSN 2753-4812

རྡོ་རྗེ་ཕུར་པའི་དམ་ཅན་གསོལ་བསྡུས།

English | བོད་ཡིག

༄༅། །རྡོ་རྗེ་ཕུར་པའི་དམ་ཅན་གསོལ་བསྡུས།

 

མཆོད་གཏོར་གསེར་སྐྱེམས་ཅི་འབྱོར་བཤམས་ལ།

ཨོཾ་ཨཱཿཧཱུཾ། ཕྱི་ནང་གསང་བའི་མཆོད་པ་བསྐང་རྟེན་རྫས། །

དངོས་འབྱོར་ཡིད་སྤྲུལ་དཔག་མེད་སྤྲིན་ཕུང་འདིས། །

ཤྭ་ན་ས་བདག་བདག་ཉིད་མ་བཞི་དང་། །

མིང་པོ་གསུམ་དང་དབང་ཕྱུག་ཉི་ཤུ་བརྒྱད།།

མ་བདུན་སྲིང་བཞི་དྲེགས་པ་སྡེ་དྲུག་སོགས། །

རྡོ་རྗེ་ཕུར་པའི་བཀའ་གཏེར་སྲུང་མའི་ཚོགས། །

གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད།།

ཨོཾ་བཛྲ་ཀྲོ་དྷ་ཙིཏྟ་མ་ཧཱ་ལཱི་ཤུ་ར་ཤུ་ར། ཁྱི་ར་ཁིང་། གྷ་དྷ་ར་ནི། ཤུ་ལ་ཙི་པཱར་ཤུ་པར་ནི་ཡོ་ག་ཤུདྡྷ་ཙིཏྟ་མ་ར་ལི། ཀྲོ་དྷ་ཡོ་གི་ནི་བཛྲ། ཛ་ལནྡྷ་རི། ཤ་ཥ་ཎི་ཛཿཛཿ ཨི་དཾ་བ་ལིཾ་ཏ་པཱུ་ཙ་ཁཱ་ཧི་ཁཱ་ཧི།

 

ཞེས་གྲངས་གསོག་དོན་དུ་འཇིགས་མེད་ཕྲིན་ལས་འོད་ཟེར་གྱིས་སྦྱར་བའོ། །དགེའོ༎ ༎

 

རྡོ་གྲུབ་ཆེན་འཇིགས་མེད་ཕྲིན་ལས་འོད་ཟེར།

རྡོ་རྗེ་ཕུར་པ།

གནས་ཚུལ་འཕར་མ།

ཕབ་ལེན།

EPUB  PDF 

གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ལ་བཞུགས་མྱོང་མེད་པའི་གང་ཟག་རྣམས་ཀྱིས་ངག་འདོན་དང་ཉམས་ལེན་བྱེད་མི་ཆོག་པའི་ཆོས་ཚན་ཁག་ཅིག་ཡོད།

གལ་ཏེ་ཁྱེད་རང་གིས་ཟབ་ཆོས་འདི་དག་ཉམས་ལེན་བྱེད་ཆོག་མིན་ལ་ཐེ་ཚོམ་ཡོད་ཚེ་ངེས་པར་དུ་བརྒྱུད་པ་དེ་ལྡན་གྱི་མཚན་ལྡན་བླ་མའི་དྲུང་ནས་དབང་ལུང་ཁྲིད་གསུམ་ཐོབ་པ་བྱེད་དགོས།

OK
This website uses cookies to collect anonymous usage statistics and enhance the user experience.
Decline
Accept