Brief Takhyung Barwa Dokpa—Tibetan

Collections & Cycles › Longchen NyingtikTakhyung Barwa | Practices › Averting Obstacles | བོད་ཀྱི་བླ་མ།རྡོ་བླ་འཇིགས་མེད་སྐལ་བཟང་།

English | བོད་ཡིག

རྡོ་བླ་འཇིགས་མེད་སྐལ་བཟང་།

རྟ་ཁྱུང་འབར་བ།

Further information:
Download this text:

༄༅། །རྟ་ཁྱུང་གི་བཟློག་བསྡུས།

 

ཧཱུྃ། གདོད་ནས་རྣམ་དག་ཆོས་སྐུ་ཡུམ་ཆེན་མོའི། །

མཁའ་དབྱིངས་རྣམ་ཐར་གསུམ་གྱི་གཞལ་ཡས་ནས། །

མ་འགགས་རིག་གདངས་ཡེ་ཤེས་ཀློང་ཡངས་ནས། །

ལོངས་སྤྱོད་རྫོགས་སྐུ་རྟ་ཁྱུང་འབར་བའི་ལྷ། །

 

ཕྱི་ནང་གསང་བའི་ལྷ་ཚོགས་ཡོངས་ཤར་བ། །

གཉིས་སྣང་འཁོར་བའི་དགྲ་གདོན་བཟློག་པའི་ཕྱིར། །

གར་དགུའི་ཉམས་བརྒྱས་མཁའ་ལ་འཇའ་སྣང་བཞིན། །

དེ་རིང་སྔགས་འཆང་བདག་གི་གྲོགས་ལ་བཞེངས། །

 

དགྲ་བགེགས་ཤ་ཁྲག་གཏོར་མ་འདི་རོལ་ལ། །

རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི། །

སེམས་དང་སེམས་བྱུང་རྒྱུ་འབྲས་འཆོལ་བ་ལས། །

བྱུང་བའི་ནད་གདོན་ཆག་ཆེ་ཉམ་ང་དང་། །

 

ཕྱི་ནང་འབྱུང་བ་དགྲ་གཤེད་འཁྲུགས་པའི་རྐྱེན། །

འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་དང་། །

བྱད་ཕུར་རྒོད་གཏོང་ཐན་ལྟས་ངན་པ་ཀུན། །

བཟློག་ཅིང་བསྒྱུར་བའི་འཕྲིན་ལས་མཛད་དུ་གསོལ། ། །

 

ཞེས་པའང་གཞོན་ནུ་ཡེ་ཤེས་རྡོ་རྗེས་སོ། ། །

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept