དག་སྣང་ཡེ་ཤེས་སྒྱུ་འཕྲུལ་ལས༔ དམ་སྐོང་ངན་སོང་དོང་སྤྲུགས་ལས་བཤགས་པ༔
༁ྃ༔ དག་སྣང་ཡེ་ཤེས་སྒྱུ་འཕྲུལ་ལས༔ དམ་སྐོང་ངན་སོང་དོང་སྤྲུགས་ལས་བཤགས་པ༔
ཧོཿ རྩ་གསུམ་དམ་ཅན་སྲུང་མའི་ཚོགས༔
ཐུགས་རྗེ་བརྩེ་དགོངས་ཆེན་པོས་གསོན༔
བདག་གི་འཁོར་ཚེ་ཐོག་མེད་ནས༔
མ་རིག་ཉོན་ཤེས་བསྒྲིབ་དབང་གིས༔
སོ་ཐར་བྱང་སེམས་གསང་སྔགས་ཀྱི༔
སྡོམ་དང་བསླབ་པ་དམ་ཉམས་པ༔
མི་འཆབ་མི་སྦེད་མཐོལ་ཞིང་བཤགས༔
ཚངས་པ་མཆོག་གི་དངོས་གྲུབ་སྩོལ༔
ཡི་གེ་བརྒྱ་པ་གང་མང་བཟླ། །
