A Prayer—Tibetan

Practices › Prayers | བོད་ཀྱི་བླ་མ།བདུད་འཇོམས་གླིང་པ།

English | བོད་ཡིག

བདུད་འཇོམས་གླིང་པ།

བདུད་འཇོམས་གླིང་པ།

Further information:
Download this text:

༄༅། །གསོལ་འདེབས་བཞུགས༔

 

ཨེ་མ་ཧོ༔

ཁྱབ་བདག་གདོད་མའི་མགོན་པོ་ཀུན་ཏུ་བཟང་༔

བདེ་ཆེན་ལོངས་སྤྱོད་རྫོགས་སྐུ་སྣང་མཐའ་ཡས༔

ཐུགས་རྗེས་འགྲོ་འདུལ་དཔལ་ལྡན་པདྨ་སྐྱེས༔

ནམ་མཁའི་རྣལ་འབྱོར་བདུད་འཇོམས་དྲག་པོ་རྩལ༔

གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔

སྲིད་ལས་རྣམ་རྒྱལ་འབྲེལ་ཚད་དོན་ལྡན་ཞིང་༔

འཁོར་བ་དོང་སྤྲུགས་ནུས་པའི་དཔལ་ཐོབ་ཤོག༔

 

ཅེས་གསོལ་འདེབས་སྨོན་ལམ་འབྲེལ་བའི་རྐང་པ་བདུན། །སྐྱེས་མཆོག་ཚུལ་ཁྲིམས་རྒྱ་མཚོས་བསྐུལ་བའི་ངོར། །མི་རྒན་བདུད་འཇོམས་རྡོ་རྗེས་འཕྲལ་དུ་བྲིས༎ ༎

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept