བོད་བརྒྱུད་ནང་བསྟན་གསུང་རབ་སྒྲ་བསྒྱུར་ཁང་།
ISSN 2753-4812
ISSN 2753-4812

རྒྱལ་མཚན་རྩེ་མོའི་དཔུང་རྒྱན་གྱི་རྒྱུན་ཁྱེར།

English | བོད་ཡིག

༄༅། །རྒྱལ་མཚན་རྩེ་མོའི་དཔུང་རྒྱན་གྱི་རྒྱུན་ཁྱེར།

 

ན་མོ། བླ་མ་མཆོག་གསུམ་ཡི་དམ་ལྷར། །

གུས་པས་སྐྱབས་མཆི་མཁའ་མཉམ་འགྲོ།

བླ་མེད་བྱང་ཆུབ་མཆོག་ཐོབ་ཕྱིར། །

རིག་པའི་རྒྱལ་མོ་བསྒོམ་པར་བགྱི། །

ལན་གསུམ་གྱིས་སྐྱབས་སེམས་བྱ།

དྷྭཾ༔ པད་ཟླའི་སྟེང་དུ་རང་སེམས་དྷྭཾ་སེར་ལས། །

རྒྱལ་མཚན་རྩེ་མོའི་ལྷ་མོ་སྐུ་མདོག་སེར། །

ཞལ་བཞི་སེར་དཀར་དམར་སྟེང་དུད་ཁའི་མདངས། །

ཞལ་རེར་སྤྱན་གསུམ་ཁྲོ་ཞིང་ལྟོ་བ་འཕྱང་། །

གཡས་གཉིས་ཕྱག་ན་རལ་གྲི་འཁོར་ལོ་དང་། །

ཞགས་པ་རྡོ་རྗེས་མཚན་པའི་གཏུན་ཤིང་གཡོན། །

རལ་བརྫེས་ཐོད་སྐམ་དབུ་བརྒྱན་གཡོན་བརྐྱང་བཞུགས། །

དར་དང་རིན་ཆེན་སྣ་ཚོགས་མཛེས་པས་བརྒྱན། །

ཐུགས་ཀར་ཟླ་སྟེང་དྷྭཾ་མཐར་སྔགས་ཀྱིས་བསྐོར། །

དེ་ལས་འོད་འཕྲོས་རྒྱལ་མཆོད་ཐུགས་རྒྱུད་བསྐུལ། །

འགྲོ་ཀུན་འཇིགས་དང་བར་ཆད་ཐམས་ཅད་བསལ། །

ཕས་རྒོལ་རྣམས་ཀྱི་ནུས་སྟོབས་རྩད་ནས་བཅོམ། །

འོད་ཟེར་ཚུར་འདུས་རང་ལ་ཐིམ་པ་ཡིས།

གཟི་བརྗིད་མཐུ་སྟོབས་རབ་ཏུ་རྒྱས་པར་གྱུར། །

ༀ་དྷྭ་ཛ་ཨ་གྲ་ཀེ་ཡཱུ་ར་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། །

ཞེས་ཅི་ནུས་བཟླ།

མཐར་ཧཱུྃ་ཧཱུྃ་ཧཱུྃ་གིས་ལྷར་སྣང་བསྡུ།

ཕཊ་ཕཊ་ཕཊ་ཀྱིས་སླར་ཡང་སྐུར་ལྡང་།

ༀ་ཨཱཿ་ཧཱུྃ་གིས་གནས་གསུམ་བསྲུང་།

དགེ་བ་འདི་ཡིས་མྱུར་དུ་བདག །

རྒྱལ་མཚན་རྩེ་མོའི་ལྷ་མོ་འགྲུབ། །

འགྲོ་བ་གཅིག་ཀྱང་མ་ལུས་པ། །

དེ་ཡི་ས་ལ་འགོད་པར་ཤོག །

ཉིན་མོ་བདེ་ལེགས་སོགས་བཀྲ་ཤིས་བརྗོད་དོ།

ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །

ཉིན་མའི་གུང་ཡང་བདེ་ལེགས་ཤིང་། །

ཉིན་མཚན་རྟག་ཏུ་བདེ་ལེགས་པའི། །

དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག །

 

ཞེས་ཀློང་གསལ་གཏེར་བྱོན་ལས་བཏུས་པ་སྟེ་ཛྙ་ནས་སོ།། །།

 

བདུད་འཇོམས་རིན་པོ་ཆེ།

Gyaltsen Tsemö Pung Gyen

གནས་ཚུལ་འཕར་མ།

ཕབ་ལེན།

EPUB  PDF 

གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ལ་བཞུགས་མྱོང་མེད་པའི་གང་ཟག་རྣམས་ཀྱིས་ངག་འདོན་དང་ཉམས་ལེན་བྱེད་མི་ཆོག་པའི་ཆོས་ཚན་ཁག་ཅིག་ཡོད།

གལ་ཏེ་ཁྱེད་རང་གིས་ཟབ་ཆོས་འདི་དག་ཉམས་ལེན་བྱེད་ཆོག་མིན་ལ་ཐེ་ཚོམ་ཡོད་ཚེ་ངེས་པར་དུ་བརྒྱུད་པ་དེ་ལྡན་གྱི་མཚན་ལྡན་བླ་མའི་དྲུང་ནས་དབང་ལུང་ཁྲིད་གསུམ་ཐོབ་པ་བྱེད་དགོས།

OK
This website uses cookies to collect anonymous usage statistics and enhance the user experience.
Decline
Accept