The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Prayer to Tulku Urgyen Rinpoche—Tibetan

English | བོད་ཡིག

༄༅། །སྐྱབས་རྗེ་སྤྲུལ་སྐུ་ཨོ་རྒྱན་རིན་པོ་ཆེའི་གསོལ་འདེབས།

 

གཏེར་ཆེན་ཆོས་ཀྱི་རྒྱལ་པོ་མཆོག་གླིང་པའི། །

རིགས་དང་ཆོས་ཀྱི་བརྒྱུད་འཛིན་ཟླ་མེད་པ། །

འབྲེལ་ཚད་དོན་ལྡན་བྱང་སེམས་རིག་པ་འཛིན། །

ཨོ་རྒྱན་ཚེ་དབང་དཔལ་འབར་ལ་གསོལ་བ་འདེབས། །

 

གཏེར་མའི་ཕྱོགས་སུ་སྔར་མ་གྲགས་པ་རྫོགས་ཆེན་སེམས་ཀློང་མན་ངག་སྡེ་གསུམ་ཡོངས་སུ་རྫོགས་པའི་སྨིན་གྲོལ་རྒྱབ་བརྟེན་དང་བཅས་པའི་བཀའ་དྲིན་ལེགས་པར་ཐོབ་བོ། །

 

ཞེས་པའང་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་གསུང་བྱིན་རླབས་ཅན་ནོ།།

 

བདུད་འཇོམས་རིན་པོ་ཆེ།

སྤྲུལ་སྐུ་ཨོ་རྒྱན་རིན་པོཆེ།

Further information:

BDRC Author Profiles: P736 P9901

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept