རྫ་རྒྱལ་མཁན་ཆེན་འབུམ་ཐར་གྱི་གསོལ་འདེབས།
༄༅། །རྫ་རྒྱལ་མཁན་ཆེན་འབུམ་ཐར་གྱི་གསོལ་འདེབས།
ཆུང་ངུའི་དུས་ན་མཁན་ཆེན་རྣམ་གཉིས་བརྟེན། །
བར་དུ་གྲུབ་ཆེན་གཉིས་ཀྱིས་རྗེས་སུ་བཟུང༌། །
གསང་བར་མདོ་སྔགས་ཀུན་ལ་སློབ་ཁུར་བཞེས། །
ཐུབ་བསྟན་རིན་ཆེན་ཞབས་ལ་གསོལ་བ་འདེབས། །
རྫ་རྒྱལ་མཁན་ཆེན་འབུམ་ཐར་རྡོ་རྗེ་འཆང་རང་ཉིད་ཀྱིས་ཞལ་གསུངས་གསོལ་འདེབས།།
